སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྒྱལ་ཁབ་གཅིག་དང་མི་རིགས་གཅིག་གི་དར་རྒྱས་ལ། རིག་གནས་དར་རྒྱས་ནི་རྒྱབ་རྟེན་རི་རྒྱལ་ལྷུན་པོ་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱུང་བ་ལའང་། རིག་གནས་ཀྱི་གདེང་ཚོད་དང་རིག་གནས་དར་ཞིང་རྒྱས་པ་དང་བྲལ་ཐབས་མེད་ཅེས་གསུངས་ཡོད། ཉིས་སྟོང་ཉེར་བཞི་ལོར། ཞི་ཅིན་ཕིང་གི་རིག་གནས་དགོངས་པའི་མཛུབ་སྟོན་འོག ཟུང་འབྲེལ་གཉིས་དང་ཁྱད་པར་དུ་ཟུང་འབྲེལ་གཉིས་པ་མཐའ་འཁྱོངས་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རྩ་བ་རྒྱུན་སྐྱོང་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལས་དུས་རབས་ཀྱི་གཟི་དཔལ་མངོན་པ། མི་སེར་གྱི་བསམ་པའི་རིག་གནས་དང་འཚོ་བ་སྔར་བས་ཕུན་སུམ་ཇེ་ཚོགས། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་རྒྱུན་སྲིང་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ཐད་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འབད་བརྩོན་བྱེད་པའི་སྟོབས་ཤུགས་ཆེན་པོ་བསྡུས་ཡོད།
ཉིས་སྟོང་ཉེར་བཞི་ལོ་ནི། ཀྲུང་གོ་བའི་རིག་གནས་ཡིད་ཆེས་སྔར་བས་ཇེ་བརྟན་གྱུར་བའི་ལོ་གཅིག་རེད།ཟླ་བ་བདུན་པར། པེ་ཅིན་དཀྱིལ་ལམ་ནི་འཛམ་གླིང་གི་ཤུལ་བཞག་མིང་ཐོའི་ནང་བཀོད་པ་དང་། ཀྲུང་གོའི་འཛམ་གླིང་གི་ཤུལ་བཞག་ཐོན་རྫས་བསྡོམས་འབོར་ང་དགུ་ལ་ཟིན་པས། འཛམ་གླིང་གི་སྔོན་གྲལ་དུ་སླེབས་ཡོད།
ཟླ་བ་བཅུ་གཉིས་པར། དཔྱིད་གསར་དུས་ཆེན་འཛམ་གླིང་གཟུགས་མེད་རིག་གནས་ཤུལ་བཞག་ཏུ་རེ་ཞུ་བྱེད་ཐུབ་པ་དང་བསྟུན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ནང་ཀྲུང་གོའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མིང་ཐོར་བཀོད་པའི་རྣམ་གྲངས་ཞེ་བཞི་ལ་ཟིན་པས། མུ་མཐུད་དུ་འཛམ་གླིང་གི་ཨང་དང་པོར་གནས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ངོ་མཚར་རྒྱ་རབ་ཆེ་བའི་ཀྲུང་ཧྭ་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤེས་དཔལ་གཏིང་དཔག་དཀའ་བ་དེ་དག ང་ཚོའི་ཡིད་ཆེས་ཀྱི་རྩ་བ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་ཞེས་གསུངས་ཡོད། ལོ་གཅིག་གི་རིང་། རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་འཐབ་ཇུས་དམིགས་འབེན་དང་། རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བཞིན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་དམིགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཞབས་རྗེས་ས་གཞི་ཆེན་པོར་ཁྱབ་ཅིང་། རིག་གནས་རང་རྟོགས་དང་ལོ་རྒྱུས་འགན་འཁྲི་དྲག་པོ་ཡིས། རིག་གནས་འཕེལ་རྒྱས་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་རླབས་ཆེའི་ལག་ལེན་ཁྲོད་འདྲེས་པར་ཤུགས་བཏོན་ཡོད།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཚོགས་འདུ་ཐེངས་བཅུ་བདུན་པའི་བར། ཐན་ཅིང་གནའ་བོའི་རིག་གནས་སྲང་ལམ་དང་ཧུའུ་ནན་ཁྲང་ཏེ་ཧོ་སྲང་ལམ་ནས། ཧྲའན་ཞི་པའོ་ཅིའི་ལིའི་ཡོ་བྱད་དངོས་མང་བཤམས་སྟོན་ཁང་། ཀན་སུའུ་མའེ་ཅི་ཧྲན་བྲག་ཕུག ཧུའུ་པེ་ཡུན་མིང་རྫོང་དངོས་མང་བཤམས་སྟོན་ཁང་སོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭའི་རིག་གནས་རྒྱུད་འཛིན་དང་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བར་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བཏོན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་སྤེལ་བར་སྐུལ་ཁྲིད་བྱེད་བཞིན་ཡོད།
ཀྲུང་ཧྭའི་ས་གཞི་ཆེན་མོའི་ཐོག ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་བཅས་སྐྱེ་སྟོབས་དང་གཟི་མདངས་མཉམ་དུ་རྒྱས།
ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་དགེ་རྒན་ཆེན་མོ་ཆི་ཧྲུའུ་ཡུས་ཀྱིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། བསམ་བློའི་སྣེ་ཁྲིད་ནུས་པ་དྲག་པོ་དང་བསམ་བློ་གཅིག་བསྡུས་ནུས་ཤུགས། རིན་ཐང་འབོད་སྐུལ་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ལྡན་པའི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ། མི་དམངས་བསམ་བློའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཇེ་དྲག་གཏོང་བ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་རྡོ་བརྟན་སྲུང་བྱེད་དགོས་ཞེས་གསུངས་ཡོད་པས། ང་ཚོས་ཞི་ཅིན་ཕིང་གི་རིག་གནས་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་ནང་དོན་གཏིང་ཟབ་སྔོག་འདོན། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་རྩོམ་གསོན་ཤུགས་འདོན་སྤེལ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྩོན་བསམ་ཆེན་པོ་བསྐྲུན་དགོས་ཞེས་བཤད།
༢༠༢༤ལོ་ནི་ཀྲུང་གོའི་རིག་གནས་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་དྲག་སོང་བའི་ལོ་ཞིག་ཡིན། ལོ་འདིར། རང་རྒྱལ་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་སོང་ཡོད་ལ། སྤྱི་པའི་རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་འདོན་ནུས་པ་རྒྱུན་མཐུད་མཐོར་འདེགས་སོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་སེམས་སུ་དམ་པོར་བཟུང་ནས། རྒྱ་ཆེའི་རིག་རྩལ་ལས་སྒྲུབ་པས་མི་དམངས་ལ་གསར་རྩོམ་བྱེད་པ་དང་དུས་རབས་ལ་འབོད་སྐུལ་བྱེད་པ། གར་སྟེགས་སྒྱུ་རྩལ་ནས་གློག་བརྙན་བརྙན་འཕྲིན་བཅས་སུ། སྲོལ་རྒྱུན་རིག་གནས་ལ་རྐང་ཚུགས་ཤིང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་བརྩམས་ཆོས་གལ་ཆེན་ཁག་ཅིག་གསར་རྩོམ་བྱས་ནས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ་ཡོད།
ནང་སོག་ཏུ། ཝུའུ་ལན་མུའུ་ཆིས་འཁྲབ་སྟོན་རུ་ཁག་དོན་ལྔས་གཞི་རིམ་དུ་བརྟན་སྲུང་བྱེད་དེ། ལོ་གཅིག་ལ་འཁྲབ་སྟོན་ཐེངས་ཆིག་ཁྲི་ལྷག་བྱས་ཤིང་། རིག་གནས་ཀྱི་རོ་བཅུད་དེ་གཞི་རིམ་མི་སེར་ཉེ་འགྲམ་ཏུ་བསྐྱལ་བ་རེད། པེ་ཅིན་དུ། རྒྱལ་ཁབ་ཟློས་གར་ཁང་ཆེན་མོ་ལ་ཟློས་གར་ཁང་བཙུགས་ནས་ལོ་བཅུ་བདུན་རིང་འཁྲབ་སྟོན་ཆེས་མང་བའི་ལོ་གཅིག་ཏུ་གྱུར་ཡོད་དེ། ལོ་གཅིག་ནང་གླུ་གར་དང་བྲོ་གར་སོགས་རིགས་སོ་སོའི་འཁྲབ་སྟོན་ཆིག་སྟོང་ཉིས་བརྒྱ་ལྷག་བྱས་ཤིང་། ཕུན་སུམ་ཚོགས་པའི་གར་སྟེགས་སྒྱུ་རྩལ་གྱིས་ལྟད་མོ་བ་ལ་རིག་གནས་སྣ་ཚོགས་ཀྱི་མཛེས་ཆ་ལོངས་སུ་སྤྱོད་བཅུག
སྐད་གྲགས་ཆེ་བའི་གྲོང་སྡེའི་རྐང་གྲུག་འགྲན་བསྡུར་དང་འདུ་འཛི་ཆེ་བའི་གྲོང་སྡེའི་དགོང་ཚོགས་ཀྱིས་གོམས་སྲོལ་བཟང་སྤེལ་དང་གྲོང་གསེབ་དར་རྒྱས་ཀྱི་འཆམ་མཐུན་ངོ་མཚར་བརྩམས་ཡོད།གྲོང་ཁྱེར་ནས་གྲོང་གསེབ་བར། རྒྱལ་ཡོངས་སུ་སྤྱི་པའི་དཔེ་མཛོད་སུམ་སྟོང་སུམ་བརྒྱ་ལྷག་དང་། རིག་གནས་ཁང་དང་དངོས་མང་བཤམས་སྟོན་ཁང་ཆིག་ཁྲི་ལྷག་གིས་མི་དམངས་མང་ཚོགས་སྣ་མང་ཅན་དང་རིམ་པ་མང་བ། ཕྱོགས་སོ་སོ་བཅས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ་རེད། ༢༠༢༤ལོའི་ལོ་མཇུག་བར། རང་རྒྱལ་གྱིས་བསྡོམས་པས་སྤྱི་པའི་རིག་གནས་ཁྱབ་ཁོངས་ཁྲི་བཞི་ཙམ་བཙུགས་ནས། འདུས་ཁུལ་ཁྲོམ་ལམ་དང་ཡུལ་སྐོར་མཛེས་ཁུལ་སོགས་ལྗོངས་རྣམ་སྣ་ཚོགས་ལ་ཁེབས་པ་རེད།
༢༠༢༤ལོ་ནི་ཀྲུང་གོའི་རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་པོ་དང་རིག་གནས་ལས་རྣམ་གསར་པ་མུས་སུ་དར་རྒྱས་ཤིང་། རིག་གནས་ཡུལ་སྐོར་མཉམ་བསྲེས་སྔར་ལས་ཟབ་པའི་ལོ་གཅིག་རེད། ལོ་འདིར། ཀྲུང་གོ་བའི་འཚོ་བ་ནི་སྔར་བས་མཛེས་ཤིང་འཇེབས་པའི་སྙན་ངག་གི་མདུན་ལྗོངས་རིང་དུ་བསྲིངས་ཡོད་པ་རེད། རྒྱལ་ཁབ་རིག་གནས་གསར་གཏོད་དང་སྲོལ་རྒྱུན་ཚོང་ར། གནའ་བོའི་རིག་གནས་ལ་དེང་རབས་ཇུས་འགོད་མཉམ་བསྲེས་བྱས་ཤིང་། གསར་གཏོད་ཐོན་རྫས་སྔར་བས་མང་པོས་རིག་གནས་འཛད་སྤྱོད་རྣམ་པ་གསར་པ་སྐུལ་ཁྲིད་བྱེད་ཀྱིན་ཡོད། རྒྱལ་ཁབ་དངོས་མང་བཤམས་སྟོན་ཁང་དང་གནའ་བོའི་ཕོ་བྲང་དངོས་མང་བཤམས་སྟོན་ཁང་སོགས་ཀྱིས་ཉར་ཚགས་ཐོན་ཁུངས་དེ་རིག་གནས་གསར་གཏོད་ཐོན་རྫས་རིགས་སོ་སོར་བསྒྱུར་ནས། ཀྲུང་གོའི་མཛེས་དཔྱོད་མངོན་ཞིང་རིག་དངོས་ལ་གསོན་ཤུགས་རྒྱས་སུ་བཅུག
དངོས་ཡོད་ལད་ཟློས་དང་མི་བཟོས་རིག་ནུས་སོགས་ཚན་རྩལ་ནུས་བསྐྲུན་ལ་བརྟེན། ཐང་རྒྱལ་རབས་ཀྱི་མཚན་མེད་གྲོང་དང་ལུའུ་མོན་བྲག་ཕུག་སོགས་ཀྱིས་རིག་གནས་ཁྱབ་ཁོངས་གསར་པ་དང་ལྗོངས་རྣམ་གསར་པ་བཏོན་ནས། ལྟད་མོ་བ་ནང་ཞུགས་བྱེད་པ་དང་སྤེལ་རེས་བྱེད་པའི་ཉམས་ལེན་ཚོར་ཐུབ་པ་དང་། ལོ་རྒྱུས་ཀྱི་བཞུར་རྒྱུན་རིང་མོའི་ཁྲོད་ཀྲུང་ཧྭ་རིག་གནས་ཀྱི་དུས་རབས་ཀྱི་ངོ་མཚར་ཉམས་སུ་མྱོང་བཅུག་པ་རེད།
གཞི་གྲངས་ལས་མངོན་པ་ལྟར་ན། ད་ལོའི་སྔོན་གྱི་དུས་ཚིགས་གསུམ་ལ། རང་རྒྱལ་གྱི་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་དགུ་ཁྲི་དགུ་སྟོང་དྲུག་བརྒྱ་རེ་བརྒྱད་ལ་ཟིན་པས་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་ལྔ་ཚེག་དགུ་འཕར་ཡོད། དེའི་ནང་རིག་གནས་ཀྱི་ལས་རྣམ་གསར་པའི་ལས་རིགས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་བཞི་ཁྲི་ཆིག་སྟོང་དྲུག་བརྒྱ་བཅུ་དྲུག་ལ་ཟིན་པས། ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་བཅུ་འཕར་ཡོད།
ཉིས་སྟོང་ཉེར་བཞི་ལོ་ནི་ཀྲུང་གོའི་རིག་གནས་ཀྱི་མཉེར་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་མཚན་སྙན་གྲགས་ཇེ་རྒྱས་ཇེ་ལེགས་འགྲོ་བའི་ལོ་ཞིག་རེད། ཕེ་རེའི་ཨའོ་རྩལ་འགྲན་ཚོགས་ཐོག ཀྲུང་གོའི་ལུས་རྩལ་པར་གསེར་དང་དངུལ་གྱི་རྟགས་མ་ཐོབ་པར་མ་ཟད། རྒྱལ་ཁབ་ཀྱི་སྲོལ་རྒྱུན་དང་ཁྱད་དུ་འཕགས་པའི་ཤར་ཕྱོགས་ཀྱི་མཛེས་དཔྱོད་འཛམ་གླིང་ཡོངས་ལ་བསྟན་པ་རེད། ཀྲུང་གོའི་ཀ་གསུམ་ཅན་གྱི་རོལ་རྩེད་ཐོག་མ་སྟེ་ལྷ་སྒྲུང་གི་གཏམ་རྒྱུད་ནག་པོ་སུང་ཝུའུ་ཁུན་ཞེས་པ་ལས། སྲོལ་རྒྱུན་གྱི་བཟོ་བཀོད་དང་རྒྱན་གོས། ལྷ་སྒྲུང་གི་གཏམ་རྒྱུད་སོགས་དེའི་ནང་ཞུགས་པས། གསར་གཏོད་ཀྱི་རྣམ་པ་འདིར་རྒྱལ་ཕྱི་ནང་གི་གདེང་འཇོག་གང་ལེགས་ཐོབ། ཆུ་ཚོད་དོན་གཉིས་དང་ཆུ་ཚོད་བརྒྱ་དང་ཞེ་བཞི། ཆུ་ཚོད་ཉིས་བརྒྱ་བཞི་བཅུ།་བཅས། ཀྲུང་གོའི་ས་ཁོངས་བརྒལ་བའི་མཐོང་མཆན་མི་དགོས་པའི་སྲིད་ཇུས་རྒྱུན་ཆད་མེད་པར་ཇེ་ལྷོད་དང་ཇེ་ལེགས་བཏང་བས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་སྔར་ལས་མང་པོ་གནས་འདིར་ཡོང་ནས། ཀྲུང་གོའི་རིག་གནས་ཉམས་སུ་མྱོང་བ་དང་ཀྲུང་གོའི་མཛེས་སྡུག་ལ་རོལ་མྱོང་བྱས་པས། ཡིད་རྟོན་རུང་བ་དང་སྙིང་དུ་སྡུག་པ།བཀུར་འོས་པའི་ཀྲུང་གོ་ཞིག་མཐོང་མྱོང་ཐུབ་པ་རེད། དེང་སང་གི་ཀྲུང་གོས་མི་དམངས་དུང་ཕྱུར་མང་པོས་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་དུས་རབས་གསར་པའི་རིག་གནས་བརྗིད་འགན་ཕྲག་ཏུ་འཁུར་ནས། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་སྔར་ལས་འཛུགས་སྐྱོང་ཡང་དག་བྱེད་པ་དང་། རྒྱང་སྐྱོད་གསར་པའི་ཐོག་རིག་གནས་ཀྱི་ཡིད་ཆེས་ཇེ་བརྟན་བཏང་སྟེ། རིག་གནས་དར་བའི་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྱོང་བྱེད་པར་མདུན་སྐྱོད་གོམ་སྟབས་བརྟན་པོས་སྤོ་བཞིན་མཆིས།
འཕྲིན་སྟེགས། weikangba