ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོ་རེ་ཡ་ལྷོ་མའི་ཅི་ཀྲིའུ་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུར་བྱུར་རྐྱེན་བྱུང་ནས་མི་སྣ་རྨས་ཤི་ཚབས་ཆེན་བྱུང་བར་ཁོ་རེ་ཡ་ལྷོ་མའི་ཚབ་འཛིན་ཙུང་ཐུང་ཚུའེ་ཞང་མུའུ་ལ་ཁ་པར་ཐོག་ནས་འཚམ་འདྲི་གནང་བ་རེད།
ཞི་ཅིན་ཕིང་གིས། ཁོ་རེ་ཡ་ལྷོ་མའི་ཅི་ཀྲིའུ་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བྱུར་རྐྱེན་བྱུང་ནས། མི་སྣ་རྨས་ཤི་ཚབས་ཆེན་ཐེབས་པ་ཤེས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་གདུངས་སེམས་ཆེན་པོས་མྱ་ངན་ཞུས་པ་དང་། གཤིན་པོའི་ཁྱིམ་མི་རྣམས་ལ་ལྷག་བསམ་དག་པས་འཚམས་འདྲི་ཞུ་བ་དང་། རྨས་པ་རྣམས་མྱུར་པོར་དྲག་པའི་སྨོན་འདུན་ཞུ་བ་ཡིན་ཞེས་གསུངས།
འཕྲིན་སྟེགས། weikangba