ཟླ་བ་བཅུ་གཉིས་པའི་ཚེས་ཉེར་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇམ་གྱི་གནམ་གྲུ་བྱུར་རྐྱེན་ཁྲོད་མི་སྣ་ཤི་རྨས་བཟོས་པར་དམིགས་ནས་ཨ་ཟེར་བྷེ་ཇམ་གྱི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐའོ་ཁ་དབྱེ་ཧྥུའུ་བཅས་ལ་འཚམས་འདྲིའི་ཤིས་འཕྲིན་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་ཨ་ཟེར་བྷེ་ཇམ་གྱི་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་སྐྱེལ་གནམ་གྲུ་ཞིག་ལ་བྱུར་རྐྱེན་བྱུང་ནས་མི་སྣ་ཤི་རྨས་བཟོས་པ་ཤེས་སོང་། ངས་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་བྱས་ནས།གདུངས་སེམས་དྲག་པོས་འདས་པོར་མྱ་ངན་ཞུ་བ་དང། འདས་པོའི་ཁྱིམ་མི་འཁོར་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་ཐོག་རྨས་མ་རྣམས་སྔ་ཙམ་ནས་དྲག་པའི་སྨོན་འདུན་ཞུ་བ་ཡིན་ཞེས་གསུངས་པ་རེད།
འཕྲིན་སྟེགས། weikangba