ཞི་ཅིན་ཕིང་གིས་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་ཐུག་འཕྲད་གནང་བ།

2024-12-20
264

ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་ཐུག་འཕྲད་གནང་ནས། ཚང་མས་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཚང་མས་མུ་མཐུད་དུ་མཐུན་སྒྲིལ་འབད་འཐབ་བྱས་ནས། ཨའོ་མོན་གྱི་འོད་སྟོང་འབར་བའི་མ་འོངས་པ་གསར་པ་གཏོད་རྒྱུའི་རེ་བ་བཏོན།

ཉིན་དེའི་ཕྱི་དྲོར་ཞི་ཅིན་ཕིང་གིས་ད་དུང་ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བར་ཐུག་འཕྲད་གནང་བ་རེད།

ཟླ12པའི་ཚེས19ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་གི་སྒྲིག་གཞི་དང་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོའི་འགན་འཁུར་བར་ཐུག་འཕྲད་གནང་བ། 

ཚའེ་ཆི་དང་ལི་ཧུང་ཀྲུང་། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཝང་ཞའོ་ཧུང་། ཝང་ཏུང་ཧྥིན། ཞ་པའོ་ལུང་སོགས་འབྲེལ་ཡོད་ཐུག་འཕྲད་ནང་ཞུགས།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེན། བསྐོ་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། སྲིད་འཛིན་དཔོན་ཟུར་པ་ཚུའེ་ཧྲི་ཨན་བཅས་འབྲེལ་ཡོད་ཐུག་འཕྲད་ནང་ཞུགས་ཡོད། །


  • 顶