ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས18ཉིན་གྱི་ཕྱི་དྲོར་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་ཏེ། ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཨའོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད།

ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་ཏེ། ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཨའོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་གནམ་གྲུ་ལས་འབབ་བཞིན་མང་ཚོགས་ལ་ལག་གཡུག་བྱས་ནས་གུས་ལན་གནང་བཞིན་པའི་ཚུལ་རེད།

ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་ཏེ། ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཨའོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད། འདི་ནི་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལི་ཡོན་རྣམ་གཉིས་ཀྱིས་མི་ཚོགས་ལ་ལག་གཡུག་གནང་བའི་ཚུལ་རེད།

ཞི་ཅིན་ཕིང་ད་ཐེངས་ཨའོ་མོན་དུ་བསྐྱོད་པར་རྒྱལ་ཁབ་ཕྱི་ནང་གི་ཚད་མཐོའི་དོ་ཁུར་ཐོབ་པ་དང་། ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པས་གནམ་ཐང་དུ་བསྒུགས་ནས་བསྡད་ཡོད། ཞི་ཅིན་ཕིང་བཅར་འདྲི་བྱ་ཡུལ་དུ་ཕེབས་ནས་དེ་གར་ཡོད་པའི་གསར་འགོད་པར་འཚམས་འདྲི་ཞུས། ཁོང་གིས་བསྟན་དོན། མཛེས་སྡུག་ལྡན་པའི་ཨའོ་མོན་དུ་སླེབས་ཐེངས་རེར་ཧ་ཅང་དགའ་པོ་བྱུང་། ད་རེས་ཡོང་དོན་ནི་སྤུན་ཟླ་ཚོ་དང་མཉམ་དུ་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་རྒྱུ་དང་། ལོ་འདི་དག་རིང་ཨའོ་མོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་གསར་པར་བལྟ་རུ་ཡོང་བ་ཡིན། ཁོང་གིས་ཀྲུང་དབྱང་སྲིད་གཞུང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་ཨའོ་མོན་གྱི་གྲོང་མི་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཟླ12པའི་ཚེས18ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་ཨའོ་མོན་དུ་ཕེབས་ཏེ། ཚེས20ཉིན་འཚོག་རྒྱུ་ཡིན་པའི་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་རྒྱུ་མ་ཟད་ཨའོ་མོན་དུ་གཟིགས་ཞིབ་ཀྱང་གནང་རྒྱུ་རེད། འདི་ནི་ཞི་ཅིན་ཕིང་གིས་གནམ་གྲུ་འབབ་ཐང་དུ་གསུང་བཤད་གལ་ཆེན་གནང་བའི་ཚུལ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ25ཡི་རིང་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ནས། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་དམིགས་བསལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་ཡོད། རྒྱལ་ཁབ་ཀྱི་འཕེལ་རྒྱས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་འགྲོ་བ་དང་དེར་སུས་ཀྱང་འགོག་ཐབས་བྲལ་ཞིང་། ཨའོ་མོན་གྱི་འཕེལ་རྒྱས་ནི་སྟོབས་ཤུགས་ཀྱིས་ཁེངས་ཞིང་མ་འོངས་པར་རེ་བས་གཏམས་ཡོད། འདི་ནི་ཨའོ་མོན་གྱི་ཡུལ་མི་ཚོའི་གཟི་བརྗིད་ཡིན་ལ་རྒྱལ་ཡོངས་མི་དམངས་ཀྱི་གཟི་བརྗིད་ཀྱང་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འབད་འཐབ་དང་གསར་གཏོད་བྱེད་ཕོད་པ་བྱས་ཚེ། ཨའོ་མོན་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཨའོ་མོན་ནི་མེས་རྒྱལ་གྱི་མུ་ཏིག་རྡོག་པོ་ཅིག་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་འདིའི་འཕེལ་རྒྱས་དང་ཡུལ་མི་ཡོངས་ཀྱི་བདེ་སྐྱིད་ལ་སེམས་ཁུར་བྱེད་ཀྱིན་ཡོད། རྗེས་ཀྱི་ཉིན་ཁ་ཤས་ནང་། ངས་ལྟ་སྐོར་བྱས་ནས་ལས་རིགས་སོ་སོའི་གྲོགས་པོ་ཚོ་དང་རྒྱ་ཁྱབ་གཏིང་ཟབ་ངང་སྤེལ་རེས་དང་། ཐུན་མོང་ཐོག་ཨའོ་མོན་གྱི་འཕེལ་རྒྱས་ཇུས་ཆེན་ལ་གྲོས་བསྡུར་བྱ་རྒྱུ་ཡིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཧུང་ཀྲུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཧོ་ཝུའེ་ཏུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥུང་སོགས་ཕེབས་རོགས་མི་སྣ་མཉམ་དུ་གནམ་གྲུ་བསྡད་ནས་འབྱོར་བ་རེད། ཀྲུང་གུང་ཀྲུང་དབྱང་ཞང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨའོ་མོན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་ཞ་པའོ་ལུང་སྔོན་ལ་འབྱོར་བ་མ་ཟད་གནམ་ཐང་དུ་བསུ་མར་ཕེབས་ཡོད།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་སྒུག་སྲིད་འཛིན་དཔོན་ཚེན་ཧའོ་ཧུའེ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ལས་ཐོག་སྲིད་འཛིན་དང་ཁྲིམས་འཛུགས། ཁྲིམས་འཛིན་བཅས་སྒྲིག་གཞིའི་འགན་འཁུར་བ་སོགས་གནམ་ཐང་དུ་བསུ་མར་ཕེབས་ཡོད་པ་རེད།
ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རེན་ཀྲིན་ཞིན་ཚུང་དང་། ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཕྱི་འབྲེལ་པུའི་ཆེད་མངགས་པ་དང་ཀུང་ཧྲུའུ་ཡི་ཆེད་མངགས་པ་ལིའུ་ཞན་ཧྥ། ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་དཔུང་གི་སི་ལིང་ཡོན་ཡུས་ཁྲང་ཅང་དང་ཆབ་སྲིད་ཨུ་ཡོན་ལིན་ཆིང་ཧྭ་སོགས་ཀྱང་གནམ་ཐང་དུ་བསུ་མར་ཕེབས་ཡོད། །
འཕྲིན་སྟེགས། weikangba