
ཟླ12པའི་ཚེས18ཉིན། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཧའར་པིན་དུ་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་མ་དབྱིང་ཅིའུ་དང་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་གངས་འཁྱགས་དུས་ཆེན་ནང་ཞུགས་མཁན་གྱི་ཐའེ་ཝན་གྱི་སྐུ་མགྲོན་འཐུས་མི་ཁག་གཅིག་ལ་ཐུག་འཕྲད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་ཚེས18ཉིན་ཧའར་པིན་དུ་ཀྲུང་གོ་གོ་མིན་ཏང་གི་དེ་སྔའི་ཀྲུའུ་ཞི་མ་དབྱིང་ཅིའུ་དང་མཚོ་འགག་ངོགས་གཉིས་ཀྱི་གཞོན་ནུའི་གངས་འཁྱགས་དུས་ཆེན་ནང་ཞུགས་མཁན་གྱི་ཐའེ་ཝན་གྱི་སྐུ་མགྲོན་འཐུས་མི་ཁག་གཅིག་ལ་ཐུག་འཕྲད་གནང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་བསྒྲགས་གནང་།
སུང་ཐའོ་ཡིས་བསྟན་དོན། ངོགས་གཉིས་ཀྱི་སྤུན་ཟླ་ཚང་མ་ནི་ཀྲུང་གོ་བ་ཡིན་པས། རྒྱལ་ཁབ་ཀྱི་མདུན་ལམ་དང་མི་རིགས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་ཀྱིས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་ཀྱི་ཐེ་ཇུས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། སྤུན་ཟླའི་མཛའ་བརྩེའི་བདེ་སྐྱིད་མུ་མཐུད་དུ་ཆེ་རུ་གཏོང་བ། ལག་གདང་སྦྲེལ་ནས་ངོགས་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མཉམ་དུ་དོན་གཉེར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་བདེ་སྐྱིད་མཉམ་དུ་གཏོད་པ་བཅས་བྱེད་དགོས།
མ་དབྱིང་ཅིའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བསྟན་དོན། ངོགས་གཉིས་ཀྱི་མི་དམངས་ཚང་མ་ཀྲུང་ཧྭ་མི་རིགས་ཀྱི་ཁོངས་སུ་གཏོགས་པ་དང་ཚང་མ་ཡན་ཧོང་གི་རྒྱུད་པ་ཡིན་པས། ངེས་པར་དུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་དང“ཐའེ་ཝན་རང་བཙན”ལ་ངོ་རྒོལ་བྱས་ཏེ། སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། སྤུན་ཟླའི་བདེ་རྩ་ཇེ་ཟབ་ཏུ་བཏང་ནས། ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་བཏང་སྟེ། འཛམ་གླིང་ཡོངས་སུ་ཀྲུང་ཧྭ་མི་རིགས་ཀྱི་སྤོབས་སེམས་ཇེ་མཐོར་གཏོང་དགོས། །
འཕྲིན་སྟེགས། weikangba