ཝང་ཧུའུ་ཉིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

2024-12-16
417

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས12ཉིན་པེ་ཅིན་དུ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཧྥུའུ་ལ་ཐུག་འཕྲད་གནང་བ་རེད།

ཟླ12པའི་ཚེས12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཨུ་རུ་སུའི་གཅིག་གྱུར་ཨུ་རུ་སུའི་ཏང་གི་ཀྲུའུ་ཞི་མེ་ཏེ་ཝུའེ་ཅེ་ཧྥུའུ་ལ་ཐུག་འཕྲད་གནང་བ།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སུའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པའི་ལོ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་དབར་ཐུག་འཕྲད་ཐེངས་གསུམ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཐད་རྩེ་རིམ་ཇུས་འགོད་དང་འཆར་འགོད་བཀོད་སྒྲིག་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་གིས་གཅིག་གྱུར་ཨུ་རུ་སུའི་ཏང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་མཉམ་དུ་དོན་འཁྱོལ་བྱེད་པ་དང་། ལམ་སྲོལ་ཅན་གྱི་འགྲོ་འོང་དང་འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ། ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་དེའི་ཐད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

མའེ་ཏེ་ཝུའེ་ཅེ་ཧྥུའུ་ཡིས་བསྟན་དོན། མིག་སྔར་ཨུ་རུ་སུ་དང་ཀྲུང་གོའི་དབར་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་ཡོད་པ་དང་། གཅིག་གྱུར་ཨུ་རུ་སུ་ཏང་དང་ཀྲུང་གུང་དབར་གྱི་སྐད་ཆ་ཤོད་རེས་དང་མཉམ་ལས་ཀྱིས་ཕྱོགས་གཉིས་ཀྱི་འཐབ་ཇུས་རོགས་ལས་དང་ཐུན་མོང་གི་ཁེ་ཕན་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད། ཨུ་རུ་སུ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གི་སྐད་ཆ་ཤོད་རེས་ཀྱི་ལམ་སྲོལ་སོགས་ཀྱི་ཐབས་ལམ་བརྒྱུད་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་འདོད་ཡོད།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་སོགས་ཐུག་འཕྲད་ལ་ཞུགས་པ་རེད། །


  • 顶