དགུན་དུས་སུ་ཆེས་མཛེས་པའི་གཞུང་ལམ་འཛུགས་སྐྲུན་ཡུལ་དངོས།

2024-12-16
329

85d609633aea0da0458b07b378ca07b.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན། རེབ་གོང་ནས་གསེར་ལུང་མྱུར་བགྲོད་གཞུང་ལམ་གྱི་དཔྱི་ས་རོང་བོ་ཆུ་བོའི་ཟམ་ཆེན་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱ་ཡུལ་དེ་དངུལ་མདོག་གི་དར་རས་ཤིག་རོང་བོ་ཁོག་ནས་འཐེན་པ་དང་འདྲ་བར། མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་དང་དམེ་ཤུལ་རི་བོ་བཅས་ལས་དགུན་དུས་ཀྱི་མཛེས་ལྗོངས་ཡག་པོ་ཞིག་གྲུབ་ཡོད། རེབ་གོང་ནས་གསེར་ལུང་མྱུར་བགྲོད་གཞུང་ལམ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་གྲོང་ཁྱེར་རོང་བོ་ཁོག་ཏུ་གནས་པ་དང་སྤྱིའི་རིང་ཚད་ལ་སྤྱི་ལེ204.52ཡོད། དེ་ནི་མཚོ་སྔོན་ཞིང་ཆེན་གྱི་གཙོ་གནད་གཞུང་ལམ་ལས་གཞི་འཛུགས་སྐྲུན་རྣམ་གྲངས་དང་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཡིན།  །


  • 顶