ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས12ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས“2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་སྤེལ་ནས་ལོ་ངོ10འགོར་བའི་རིང་། ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་རྒྱུན་འཁྱོངས་དང་། གོ་ལ་ཧྲིལ་པོ་བཅོས་སྐྱོང་གི་གནད་དོན་ལ་འཚོལ་ཞིབ་གཏིང་ཟབ་བྱས་ཏེ། ཀྲུང་གོའི་འདོད་ཚུལ་ཧུར་ཐག་གིས་མཉམ་སྤྱོད་བཅས་བྱས་པས། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་སོ་སོ་བར་གྱི་སྤེལ་རེས་དང་རྒྱུས་ལོན་ལ་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད་ཅེས་བསྟན།
ཞི་ཅིན་ཕིང་གིས་དེང་སྐབས་ཀྱི་འཛམ་གླིང་ནི་འཕོ་འགྱུར་རྙོག་འཛིང་ཆེ་བ་དང་མཉམ་དུ་འདྲེས་ཡོད་པས། ཞི་བདེ་དང་འཕེལ་རྒྱས་ནི་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ“འཛམ་གླིང་ཡོངས་བསྟུན་མཁས་མཉམ་རོགས”ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ། གཞུང་དྲང་དྲང་བདེན་རྒྱུན་འཁྱོངས་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་འདོད་ཡོད། མཉམ་ལས་གཉིས་ཕན་རྒྱུན་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁོང་ཡངས་དཔྱད་གཞིའི་མེ་ལོང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ནས། མིའི་རིགས་ཀྱི་དཔལ་ཡོན་དར་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
“2024ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས”ཉིན་དེར་སི་ཕེན་གྱི་མ་ཏེ་རིར་སྤེལ་མགོ་བརྩམས་པ་དང་། བརྗོད་དོན་གཙོ་བོ་ནི“མཉམ་དུ་འགུལ་སྐྱོད་སྤེལ་ནས་ཐུན་མོང་འབྱུང་འགྱུར་གཏོད”ཅེས་པ་དེ་ཡིན་ཞིང་། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་གྲོགས་མཐུན་ཚོགས་དང་། ཨོ་སི་ཁྲུ་ལི་ཡ་དང་ཀྲུང་གོའི་མཛའ་གྲོགས་སྤེལ་རེས་མཐུན་ཚོགས། ཀོང་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་། འཛམ་གླིང་གི་གཙོ་འཛིན་མནའ་འབྲེལ་བཅས་ཀྱིས་མཉམ་དུ་སྤེལ་བ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba