ཝང་ཧུའུ་ཉིང་གིས་ཡོ་ནན་གུང་ཁྲན་ཏང་གི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་བ།

2024-12-09
237

ཟླ12པའི་ཚེས5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་རིགས་པའི་གཞུང་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧུའུ་ཀྲེ་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་རོན་ཁྲུན་ཧྲེང་གིས་སྣེ་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས5ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཡོ་ནན་གུང་ཁྲན་ཏང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ། ཀྲུང་དབྱང་རིགས་པའི་གཞུང་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཧུའུ་ཀྲེ་མིང་རྒྱལ་ཁབ་ཆབ་སྲིད་སློབ་གླིང་གི་ཡོན་ཀྲང་རོན་ཁྲུན་ཧྲེང་གིས་སྣེ་ཁྲིད་པའི་ཡོ་ནན་གུང་ཁྲན་ཏང་གི་འཐུས་མི་ཚོགས་པར་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་མཉམ་དུ་ཤུགས་སྣོན་བྱ་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་མེས་རྒྱལ་གྱི་དཔུང་ཁག་དང་འགྲོ་འོང་དང་མཉམ་ལས་དམ་ཟབ་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་བསྟན།

རོན་ཁྲུན་ཧྲེང་གིས་ལོ་མང་པོའི་རིང་ཡོ་ནན་དང་ཀྲུང་གོའི་ཏང་གཉིས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བགྲོ་གླེང་ཚོགས་འདུར་ཕན་འབྲས་བཟང་པོ་ཐོན་ཡོད། ཡོ་ནན་གུང་ཁྲན་ཏང་གིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་དམིགས་ནས། ཀྲུང་གུང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་རྒྱུན་ཆད་མེད་པར་དཔྱད་གཞིར་བྱས་ཏེ། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཡོ་ནན་གྱི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་ཚང་དུ་གཏོང་འདོད་ཡོད་ཅེས་བསྟན།

ཧྲི་ཐའེ་ཧྥིན་དང་ཝང་ཏུང་ཧྥིན་ཐུག་འཕྲད་ལ་ཞུགས།  

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར། 

  • 顶