ཞི་ཅིན་ཕིང་གིས་ནེ་པཱ་ལའི་ཙུང་ལི་ཨའོ་ལི་ལ་ཐུག་འཕྲད་གནང་བ།

2024-12-05
236

ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་ལ་ཐུག་འཕྲད་གནང་།

ཟླ12པའི་ཚེས3ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་ཁབ་མགྲོན་ཁང་དུ་ཀྲུང་གོར་འཚམས་འདྲིར་ཕེབས་པའི་ནེ་པ་ལའི་ཙུང་ལི་ཨའོ་ལི་ལ་ཐུག་འཕྲད་གནང་བ།

ཞི་ཅིན་ཕིང་གིས་ཨའོ་ལི་ཡིས་དུས་ཡུན་རིང་པོའི་ནང་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་ལ་བློ་བརྟན་འགྱུར་མེད་ངང་རྩེ་གཅིག་ཏུ་གཞོལ་བར་བསྔགས་བརྗོད་གནང་ནས་བསྟན་དོན། ཀྲུང་གོ་དང་ནེ་པ་ལ་ནི་རི་ཆུ་འདབས་འབྲེལ་གྱི་ཁྱིམ་མཚེས་བཟང་བོ་དང་གྲོགས་པོ་བཟང་བོ། ཟླ་གྲོགས་བཟང་བོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་རྣམ་དག་དང་ཕན་ཚུན་བརྩི་འཇོག ཕན་ཚུན་རྒྱབ་སྐྱོར་བཅས་བྱས་པར་བརྟེན། ཕྱོགས་གཉིས་ཀའི་འབྲེལ་བ་བདེ་ཐང་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས་ཐུབ་ཡོད། སང་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མཐའ་འཁོར་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་སྟེང་བཞག་ནས། ནེ་པ་ལ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་བརྩེ་སྔར་ལས་ཇེ་བརྟན་དུ་བཏང་སྟེ། རྒྱལ་ཁབ་གཉིས་ཀའི་འཕེལ་རྒྱས་དང་དར་རྒྱས་ལ་ཁ་ཕྱོགས་པའི། མི་རབས་ནས་མི་རབས་བར་གྱི་མཛའ་མཐུན་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བར་འཕེལ་རྒྱས་གསར་པ་སྔར་ལས་ཆེ་བ་ཐོབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནེ་པ་ལས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་བདམས་པར་ཀྲུང་གོ་ཕྱོགས་ཀྱིས་བརྩི་འཇོག་ཞུ་རྒྱུ་ཡིན་པ་དང་། ནེ་པ་ལས་རང་རྒྱལ་ཁབ་ཀྱི་རང་བཙན་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པ་ལ་ཕྱོགས་དང་མཉམ་དུ། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་རྒྱུན་ཆད་མེད་པར་ཇེ་དམ་དུ་བཏང་ནས། ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀའི་བར་དུ་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་སྦྲེལ་མཐུད་ཀྱི་དྲ་རྒྱ་འཛུགས་རྒྱུ་དེ་ཐོག་མའི་བསམ་བཀོད་ནས་དོན་དངོས་སུ་འགྱུར་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལ་ཕྱོགས་དང་མཉམ་དུ། དངོས་གཉེར་མཉམ་ལས་རྒྱུན་མཐུད་ཟབ་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། འགག་སྒོ་དང་འགྲིམ་འགྲུལ། གློག་དྲ། འཕྲིན་གཏོང་སོགས་ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ནེ་པ་ལར“སྐམ་སའི་ཁ་རུབ་རྒྱལ་ཁབ”ནས“སྐམ་སའི་འབྲེལ་མཐུད་རྒྱལ་ཁབ”ལ་སྒྱུར་ཤུགས་ཇེ་མགྱོགས་སུ་གཏོང་རོགས་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུ་བཏོན་ནས་ནེ་པ་ལའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་ཁེ་ལས་ནེ་པ་ལ་རུ་སོང་ནས་དངུལ་གཏོང་དང་ལས་སྒོ་གཉེར་བར་སྐུལ་མ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལས་ཀྲུང་གོར2025ལོ་དེ“ནེ་པ་ལའི་ཡུལ་སྐོར་ལོ་རུ”གཏན་འཁེལ་བྱ་རྒྱུ་ཁྱབ་བསྒྲགས་བྱས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ནེ་པ་ལའི་གྲོགས་པོ་ཚོ་ཀྲུང་གོ་རུ་ཡོང་ནས་ཚོང་གཉེར་དང་ཡུལ་སྐོར། སློབ་སྦྱོང་བཅས་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པ་ལ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་འདོད་ཡོད་།

ཨའོ་ལི་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་མཁས་མཛངས་ལྡན་པའི་མགོ་ཁྲིད་འོག ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། དེ་ནི་མིའི་རིགས་ཀྱི་ཡར་ཐོན་ལོ་རྒྱུས་ནང་གི་ངོ་མཚར་ཞིག་རེད་ཅེས་བརྗོད་ཆོག ཀྲུང་གོའི་གྲོགས་པོ་ཡིན་པའི་ཆ་ནས་ནེ་པ་ལ་ཕྱོགས་ལ་སྤོབས་སེམས་བསྐྱེད་པ་མ་ཟད་སྐུལ་ལྕག་ཡང་ཆེན་པོ་ཐེབས་ཡོད། ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་བྱེད་པ་དང་དཔྱད་གཞིར་བཟུང་སྟེ། རང་ངོས་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་རེ་བ་བྱེད་ཀྱིན་ཡོད་། ཀྲུང་ནེ་རྒྱལ་ཁབ་གཉིས་དབར་མཛའ་གྲོགས་ཁོ་ན་ལས་གནད་དོན་མེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་མཛའ་གྲོགས་དང་འདྲ་མཉམ། བརྩི་འཇོག་བཅས་རྨང་གཞིར་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཁྱག་དུས་གོས་དང་ལྟོགས་དུས་ཟས་སྐྱེལ་ནས་ནེ་པ་ལར་རྩ་ཆེའི་རྒྱབ་སྐྱོར་སྣ་ཚོགས་བྱས་ཤིང་། ནེ་པ་ལ“སྐམ་ས་ཆེན་མོའི་སྒོ་སྡོམ་རྒྱལ་ཁབ”ནས“སྐམ་ས་ཆེན་མོའི་མཉམ་འབྲེལ་རྒྱལ་ཁབ”ལ་འགྱུར་རོགས་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ནེ་པ་ལ་ཕྱོགས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ནང་མུ་མཐུད་དུ་ཧུར་ཐག་གིས་ཞུགས་འདོད་ཡོད་ལ། ཀྲུང་གོའི་ཁེ་ལས་དེ་བས་མང་པོ་ནེ་པ་ལར་བསྐྱོད་ནས་མ་འཇོག་བྱས་ཏེ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བར་དགའ་བསུ་ཞུ་རྒྱུ་ཡིན། བོད་ལྗོངས་དང་ཐའེ་ཝན་གཉིས་ཀ་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ལ། ནེ་པ་ལ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་མོ་ཞུས་ཏེ། སྟོབས་ཤུགས་གང་ཡང་རུང་བ་ཞིག་གིས་ནེ་པ་ལའི་མངའ་ཁོངས་སྤྱད་དེ་ཀྲུང་གོར་ངོ་རྒོལ་བྱེད་པའི་བསམ་སྦྱོར་ཅི་རིགས་སྤེལ་དུ་མི་འཇུག་པར་མ་ཟད། ཀྲུང་གོའི་ཁེ་ཕན་ལ་གནོད་འཚེ་གཏོང་དུ་མི་འཇུག་ལ། ཕྱིའི་རྒྱལ་ཁབ་གང་རུང་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན།

ཕྱོགས་གཉིས་ཀས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ནེ་པ་ལའི་མཉམ་འབྲེལ་གསལ་སྒྲོག》སྤེལ།

ཝང་དབྱི་ཐུག་འཕྲད་ལ་ཞུགས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  

  • 顶