རང་རྒྱལ་གྱི་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང9100ལྷག་གིས་དབུལ་ཐར་མང་ཚོགས་ཁྲི27ལྷག་ལས་ཞུགས་བསྡུ་ལེན་བྱས་པ།

2024-11-29
263

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་གསར་འགོད་པས་རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཧྥུའུ་ཅན་ཡུང་ཏིང་དུ་འཚོགས་པའི་སྲོལ་རྒྱུན་བཟོ་རྩལ་གྱི་སྤུས་ཚད་མཐོ་བའི་རྒྱུན་འཛིན་འཕེལ་རྒྱས་དང་གཟུགས་འདས་ཤུལ་བཞག་རིག་གནས་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ཡུལ་དངོས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། མིག་སྔའི་བར་རང་རྒྱལ་གྱིས་བསྡོམས་པས་གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང9100ལྷག་བསྐྲུན་པ་དེ་དག་རྫོང་ཁོངས1721དང་འབྲེལ་བ་ཡོད་པ་དང་། མང་ཚོགས་ཁྲི27ལས་ཞུགས་བྱེད་པར་ཐད་ཀར་བསྡུ་ལེན་བྱས་པ་དང་། མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི3.6ལྷག་ཟིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྲིད་ཇུས་དང་བྱེད་ཐབས་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། གཟུགས་འདས་ཤུལ་བཞག་རིག་གནས་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པ་དང་། ལས་ཞུགས་འབབ་འཕར་ལ་སྣེ་ཁྲིད་བྱེད་པ། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཕུལ་བྱུང་གི་ཉམས་མྱོང་ཁག་གཅིག་གྲུབ་ཡོད་པ་རེད།

རྗེས་མར་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་འཛུགས་སྐྲུན་གྱི་དོན་དངོས་དང་ཞིང་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་དང་ཐོན་ཁུངས་གཞན་དག་ལུགས་མཐུན་ངང་བེད་སྤྱོད་བྱ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་ལས་དོན་གྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཀའི་བྱེད་ཐབས་གསར་གཏོད་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། གཟུགས་འདས་ཤུལ་བཞག་རིག་གནས་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ལས་དོན་མུ་མཐུད་དུ་དམ་འཛིན་ཡག་པོ་བྱ་རྒྱུ་རེད།

གཟུགས་འདས་ཤུལ་བཞག་རིག་གནས་བཟོ་ཁང་ཞེས་པ་ནི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སམ་ཡང་ན་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ་དང་། ས་གནས་དེ་གའི་མི་ཚོགས་ས་ཆ་དེ་རང་དང་ཐག་ཉེ་སར་ལས་ཞུགས་ཐུབ་པའི་གཉེར་སྐྱོང་གཙོ་གཞི་དང་ཐོན་སྐྱེད་ལས་སྣོན་བྱ་ཡུལ་སྣ་ཚོགས་ལ་སྣེ་ཁྲིད་བྱེད་པ་ཞིག་རེད། མིག་སྔར་དེ་ས་གནས་ཁག་གིས་གཟུགས་འདས་ཤུལ་བཞག་རིག་གནས་སྤེལ་ནས་གྲོང་གསེབ་དར་སྤེལ་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་ཏུ་གྱུར་ཡོད་པ་རེད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  

  • 顶