ཝང་དབྱི་ཡིས་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨེར་ཏོ་དང་གྲོས་མོལ་གནང་བ།

2024-11-28
1014

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས26ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིན་དུ་ཧང་ག་རིའི་ཕྱི་འབྲེལ་པུའུ་ཀྲང་ཞི་ཡ་ཨེར་ཏོ་དང་གྲོས་མོལ་གནང་བ་རེད།

ཝང་དབྱི་ཡིས་བསྟན་དོན། ད་ལོའི་ཟླ་བ་ལྔ་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་དེར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་ལ། ཀྲུང་གོ་དང་ཧང་ག་རིའི་དབར་གྱི་འབྲེལ་བའི་དུས་བསྟུན་འཕེལ་རྒྱས་དང་སྲོལ་རྒྱུན་མཛའ་གྲོགས་ཀྱང་མངོན་ཡོད། སྐབས་གསར་པའི་ཡོ་རོབ་མནའ་འབྲེལ་གྱི་སྒྲིག་གཞི་འཛུགས་ཉེར་ཡོད་པས། སྒྲིག་གཞི་གསར་པས་ཀྲུང་གོ་དང་ཡོ་རོབ་ཀྱི་རོགས་ཟླའི་ངེས་གནས་དང་མཉམ་ལས་ཀྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཀྱིས་ཕྱི་ལོར་ཀྲུང་གོ་དང་ཡོ་རོབ་དབར་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་འཁོར50ལོན་པ་གོ་སྐབས་སུ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་རྒྱུན་མཐུད་དང་། སྐྱོན་བྲལ། བརྟན་རླིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།

ཞི་ཡ་ཨེར་ཏོ་ཡིས་བསྟན་དོན། ཧང་ག་རི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུར་གཞོལ་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། །

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  

  • 顶