ས་གནས་འདི་ནས་གཉེན་སྒྲིག་གུང་སེང་ཇེ་རིང་གཏོང་འཆར་འདུག

2024-11-28
349

图片

  ཟླ་11པའི་ཚེས་25ཉིན་ཧྲན་ཏུང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ཀྱིས་༼ཧྲན་ཏུང་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་༽སྐོར་གྱི་བསམ་ཆར་བསྡུ་ལེན་གྱི་མ་ཟིན་ཞིག་སྤྱི་བསྒྲགས་བྱས་ཡོད་ལ། བསམ་འཆར་སྤྱི་བསྒྲགས་ནང་གཉེན་སྒྲིག་གུང་སེང་ཇེ་རིང་གཏོང་བའི་འཆར་ཟིན་ཁྲོད་ཁྲིམས་ལྟར་གཉེན་སྒྲིག་ཐོ་འགོད་བྱས་པའི་སྤྱི་དམངས་ཀྱིས་གཉེན་སྒྲིག་གུང་སེང་ཉིན་བཅོ་ལྔ་རོལ་ཆོག་པ་ཁ་སྣོན་བྱ་རྒྱུ་དང་། གཉེན་སྒྲིག་སྔོན་གྱི་ལུས་པོ་བརྟག་དཔྱད་དགོས་མཁན་ལ་གཉེན་སྒྲིག་གུང་སེང་ཉིན་གསུམ་ཁ་སྣོན་བྱ་རྒྱུ་འཁོད་ཡོད་པར་གསལ་པོར་བསྟན་ཡོད།

  ཁ་སྣོན་བྱས་པའི་བུ་བཙའི་གུང་སེང་དང་། གཡོག་རོགས་བྱེད་པའི་གུང་སེང་། བུ་གསོའི་གུང་སེང་བཅས་ཀྱི་དུས་ཡུན་དེ་ལས་ཀ་བྱེད་སྐབས་དང་འདྲ་བར་གླ་ཕོགས་སྔར་བཞིན་སྤྲད་རྒྱུ་དང་གཞན་པའི་ཡོང་འབབ་མི་འགྱུར་ཞེས་པ་དེ་གཉེན་སྒྲིག་གི་གུང་སེང་དང་། གཡོག་རོགས་བྱེད་པའི་གུང་སེང་། བུ་གསོའི་གུང་གསེང་། ཁ་སྣོན་བྱས་པའི་བཙའ་གསོའི་གུང་སེང་བཅས་ཀྱི་དུས་ཡུན་དེ་ལས་ཀ་བྱེད་པའི་སྐབས་དང་འདྲ་བར་གླ་ཕོགས་སྔར་བཞིན་སྤྲད་རྒྱུ་དང་གཞན་པའི་ཡོང་འབབ་མི་འགྱུར་ཞེས་པར་བཟོ་བཅོས་བརྒྱབ་ཡོད་པ་རེད།

图片

  སྤྱི་བསྒྲགས་ལས་ཉེ་བའི་ལོར། མང་ཚོགས་ཀྱིས་གཉེན་སྒྲིག་གུང་སེང་ཇེ་རེང་གཏོང་དགོས་པའི་རེ་འདུན་རྒྱུན་ཆད་མེད་པར་མང་དུ་སོང་ཡོད་པས། འོས་འཚམ་གྱིས་གཉེན་སྒྲིག་གུང་སེང་ཇེ་རིང་གཏོང་བ་ནི་བུ་བཙའ་ཐད་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཀྱི་མ་ལག་དང་སྐུལ་སློང་ནང་རྐྱེན་གྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། ན་གཞོན་ཚོས་གཉེན་སྒྲིག་དང་ཕྲུ་གུ་བཙའ་བའི་འདོད་བློ་ལ་ཕན་ཐོགས་ཡོད་པ་རེད། ད་དུང་འདིར་གཉེན་སྒྲིག་ལོ་ཚོད་ཟིན་མཁན་རྣམས་གཉེན་སྒྲིག་བུ་བཙའ་བྱེད་པར་ཡར་སྐུལ་བྱེད་པ་དང་། བུ་བཙའ་བའི་མངོན་མེད་ནུས་པ་སློང་བ། བུ་བཙའ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། ཧྲན་ཏུང་ཞིང་ཆེན་གྱི་མི་འབོར་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་བཅས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་པས། ཧྲན་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་ཞིབ་འཇུག་ཟབ་མོ་དང་བསམ་ཚུལ་མཐུན་སྡེབ་ལེགས་པོར་བྱས་པའི་རྨང་གཞིའི་ཐོག་༼ཧྲན་ཏུང་ཞིང་ཆེན་གྱི་མི་འབོར་དང་འཆར་ལྡན་བུ་བཙའ་སྲོལ་ཡིག་གི་བཟོ་བཅོས་འཆར་ཟིན་༽གྱི་བསམ་འཆར་བསྡུ་ལེན་མ་ཟིན་འདི་འཆར་འགོད་གཏན་འབེབས་བྱས་ཡོད་པ་རེད།

ཡོང་ཁུངས།  མི་དམངས་དྲ་བ།

རྩོམ་སྒྲིག་པ།  མཚོ་ལྷ།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།

  • 顶