ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས21ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་རྩེ་ཚོགས་ཐེངས་བཅུ་དགུ་པར་ཞུགས་པ་དང་པ་ཞིར་རྒྱལ་དོན་འཚམས་འདྲི་གནང་ཚར་ནས། ཆེད་གཏོང་གནམ་གྲུར་བཞུགས་ནས་རང་རྒྱལ་དུ་ཕྱིར་ལོག་པ་རེད།
པ་ཞི་ལི་ཡ་ནས་ཁ་གྱེས་སྐབས་པ་ཞིའི་ཞིང་ལས་པུའུ་ཡི་པུའུ་ཀྲང་ཧྥ་ཝ་ལུའོ་དང་། གཏེར་ཐོན་དང་ནུས་རྒྱུ་པུའུ་ཡི་པུའུ་ཀྲང་ཞིའར་ཝུའེ་ལ། གྲུ་ཁ་དང་གནམ་ཐང་པུའུ་ཡི་པུའུ་ཀྲང་ཁོ་སི་ཐ། པ་ཞི་ལི་ཡའི་མཁའ་དམག་རྟེན་གཞིའི་དམག་སྤྱི་སྨི་ཀེར་སོགས་མཐོ་རིམ་དཔོན་རིགས་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།
ཞི་ཅིན་ཕིང་རླངས་འཁོར་ནང་བསྡད་དེ་གནམ་ཐང་དུ་བསྐྱོད་པའི་ལམ་བར་དུ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ཀྲུང་གོའི་མ་འཇོག་སྒྲིག་གཞི། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་འཐུས་མི་བཅས་ཀྱིས་ཀྲུང་པ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས། “མཛའ་བརྩེ་ཁྲི་ལོར་བརྟན་པར་ཤོག”ཅེས་སྐད་གསང་མཐོན་པོས་བསྒྲགས་པ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁའི་ངང་འཚམས་འདྲི་མཇུག་སྒྲིལ་བར་རྟེན་འབྲེལ་ཞུས།
ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་རྣམས་ཀྱང་གནམ་གྲུར་བསྡད་ནས་ཁ་བྲལ།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba