ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་ཀྲུང་གོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་བཟོས་པའི《ཞི་ཅིན་ཕིང་དགའ་བའི་གཏམ་དཔེ》ཞེས་པའི་དུས་ཚིགས་གསུམ་པའི(ཕུའུ་ཐའོ་ཡའི་སྐད་ཀྱི་པར་གཞི)མགོ་རྩོམ་མཛད་སྒོ་པ་ཞིའི་རྒྱལ་ས་པ་ཞི་ལི་ཡར་འཚོགས་པ་རེད། ལེ་ཚན་ཉིན་དེ་ནས་བཟུང་པ་ཞིའི་རྒྱལ་ཁབ་སྨྱན་སྦྱོར་ཀུང་སི་དང་། པ་ཞིའི་དར་ཆ་སྒྲེང་བའི་སྨྱན་སྦྱོར་ཚོགས་པ། SBTབརྙན་འཕྲིན་ལས་ཁུངས། པ་ཞིའི་སྒམ་ཆུང་སྨྱན་སྦྱོར་ཚོགས་པ། པ་ཞིའི་བྱང་ཤར་གསར་པའི་བརྙན་འཕྲིན་ལས་ཁུངས་སོགས་སུ་སྟོན་རྒྱུ་རེད།
《ཞི་ཅིན་ཕིང་དགའ་བའི་གཏམ་དཔེ》ཞེས་པའི་དུས་ཚིགས་གསུམ་པའི(ཕུའུ་ཐའོ་ཡའི་སྐད་ཀྱི་པར་གཞི)ཁྲོད་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག གླེང་མོལ་བཅས་ཀྱི་ནང་དུ་དྲངས་པའི་ཀྲུང་གོའི་སྙན་ཚིག་དང་གཏམ་རྒྱུད་འཇུག་སྒོར་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་དང་། རིག་གནས་རྒྱུན་འཛིན་གསར་གཏོད། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། ཤེས་དཔལ་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་བརྗོད་དོན་ལ་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གི་ཕུལ་དུ་བྱུང་བའི་ཆབ་སྲིད་ཀྱི་བློ་གྲོས་དང་། གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས། དེ་མིན་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་འཇིག་རྟེན་ལྟ་བ་བཅས་གསོན་ཉམས་དོད་པོས་མངོན་པ་དང་ལྟད་མོ་བ་ཚོར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རིག་གནས་རྨང་གཞི་མངོན་པར་བྱས་ཡོད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba