ཝང་ཧུའུ་ཉིང་གིས་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་ལ་ཐུག་འཕྲད་གནང་བ།

2024-11-11
267

ཟླ11པའི་ཚེས7ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་པེ་ཅིན་དུ་ཁུ་པ་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་ལ་ཐུག་འཕྲད་གནང་བ་རེད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་གཉིས་ནང་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏི་ཡ་སི-ཁ་ནེའར་རྣམ་གཉིས་ཀྱིས་ཐུག་འཕྲད་ཐེངས་གཉིས་གནང་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཁུ་པའི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་གཏོད་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཁུ་པ་ཕྱོགས་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཏང་གཉིས་དང་རྒྱལ་ཁབ་གཉིས་དང་། དེ་བཞིན་མི་དམངས་དབར་གྱི་མཛའ་གྲོགས་སྤེལ་རེས་དང་མཉམ་ལས་རྒྱུན་ཆད་མེད་པར་དེ་བས་ཚད་མཐོ་བའི་ཆུ་ཚད་དུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ལ་སུའོ་ཡིས་བསྟན་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པ་དང་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུ་རྒྱུ་ཡིན། ཁུ་པས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་པ་དང་། ཀྲུང་གོའི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱིན་ཡོད། ཁུ་པ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུའུ་ཞི་ཏི་ཡ་སི-ཁ་ནེའར་དང་ཀྲུའུ་ཞི་ཞི་ཅིན་ཕིང་དབར་གྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཕྱོགས་གཉིས་ཀྱིས་དཔལ་འབྱོར་དང་ཏང་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཁུ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་བསྐྲུན་ཏེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱེད་འདོད་ཡོད།

ཧྲི་ཐའེ་ཧྥིན་དང་ཧྲའོ་ཧུང་སོགས་ཐུག་འཕྲད་ལ་ཞུགས་ཡོད། །


  • 顶