ཀྲའོ་ལེ་ཅི་ཡིས་ཁུ་པའི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་དང་གྲོས་མོལ་གནང་བ།

2024-11-11
498

ཟླ11པའིཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁུ་པ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་དང་ལྷན་དུ་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའིཚེས7ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཁུ་པ་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་སྲིད་དབང་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་ལ་སུའོ་དང་ལྷན་དུ་གྲོས་མོལ་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུའུ་ཞི་ཏིས་ཡ་སི-ཁཱ་ནེ་ཨར་གཉིས་ཀྱིས་ཐུག་འཕྲད་ཐེངས་མང་གནང་ནས། ཕན་ཚུན་བར་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱས་ནས། ཀྲུང་གོ་དང་ཁུ་པའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་ཚད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཁུ་པ་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཕྱི་ཕྱོགས་འབྲེལ་བའི་དམིགས་བསལ་གྱི་གནས་བབ་ཐོག་བཞག་ནས། ཁུ་པ་ཕྱོགས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་འཐབ་ཇུས་མཉམ་ལས་ཟབ་ཏུ་གཏོང་འདོད་ཡོད། ཁུ་པ་ཕྱོགས་ཀྱིས་ཐའེ་ཝན་སོགས་ཀྲུང་གོའི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བཀག་སྡོམ་ངོ་རྒོལ་དང་ཕྱི་འོང་གི་ཐེ་ཇུས་ལ་ངོ་རྒོལ་བྱེད་པའི་ཁུ་པ་ཕྱོགས་ཀྱི་དྲང་བདེན་འཐབ་རྩོད་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། རང་ནུས་གང་ལྕོགས་ཀྱི་ཁྱབ་ཁོངས་ནང་ཁུ་པ་ཕྱོགས་ལ་མུ་མཐུད་དུ་རོགས་རམ་དང་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ། “རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་མཐུན་སྦྱོར་ལམ་སྲོལ་ཡག་པོ་སྤྱོད་པ། ཞིང་ལས་དང་ཡུལ་སྐོར། ལུས་རྩལ། སྐྱེ་དངོས་ལག་རྩལ། ཆ་འཕྲིན་འཕྲིན་གཏོང་། ནུས་རྒྱུ་གཙང་མ་སོགས་ཀྱི་ཁྱབ་ཁོངས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆུ་ཚད་མཐོ་བའི་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་སྔར་ལས་མང་བའི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དུ་བསྒྱུར་འདོད་ཡོད།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཁུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་ཐུན་མོང་ཐོག་དོན་འཁྱོལ་ཡག་པོ་བྱེད་པ་དང་ལས་དོན་ཚོགས་ཆུང་གི་ལམ་སྲོལ་ལས་སྟེགས་གང་ལེགས་སྤྱད་དེ་རིམ་པ་མང་བ་དང་ཁྱབ་ཁོངས་མང་པོའི་སྤེལ་རེས་དང་འགྲོ་འོང་ལ་སྐུལ་འདེད་གཏིང་ཟབ་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་གྱི་ལྟེ་བ་དང་ཁེ་ཕན་གལ་ཆེན་སྲུང་སྐྱོང་བྱེད་པའི་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་སྐད་ཆ་ཤོད་ཆོག་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་ལུགས་འཛུགས་སྐྱོང་དང་། དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས། སྤྱི་པའི་བདེ་འཇགས་སོགས་གྲོས་གཞིར་དམིགས་ནས་སྐད་ཆ་ཤོད་རེས་དང་སྤེལ་རེས་བྱས་ཏེ། རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། སློབ་གསོ་དང་རིག་གནས། གཞོན་ནུ། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཁུ་པའི་མཛའ་གྲོགས་ཀྱི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་རྒྱལ་ཡོངས་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁྲིམས་འཛུགས་ལས་དོན་ངོ་སྤྲོད་གནང་། ཁོང་གིས་རྒྱལ་ཁབ་གཉིས་ཀའི་ཁྲིམས་འཛུགས་སྒྲིག་གཞིས་གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་པ་དང་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་བ་སོགས་ལ་དམ་པོར་དམིགས་ཏེ། བྱ་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས་ཞེས་གསུངས།

ལ་སུའོ་ཡིས་ཀྲུའུ་ཞི་ཏིས་ཡ་སི-ཁཱ་ནེ་ཨར་དང་ཀྲུའུ་ཞི་ཞི་ཅིན་ཕིང་གི་བར་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཁུ་པས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞིདང་འཛམ་གླིང་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། འཛམ་གླིང་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ། ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་ཏང་འཛུགས་སྐོར་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད་ཅེས་བསྟན།

གྲོས་མོལ་མཇུག་སྒྲིལ་རྗེས། ཀྲའོ་ལེ་ཅི་དང་ལ་སུའོ་ཡིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་ཁུ་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་མཉམ་ལས་གྲོས་མཐུན་ལ་ཐུན་མོང་ཐོག་མིང་རྟགས་བཀོད།

ཝང་ཏུང་མིང་གོང་གསལ་གྱི་བྱེད་སྒོར་ཞུགས། །


  • 顶