ཞི་ཅིན་ཕིང་གིས་ཧུའུ་པའེ་རུ་རྟོག་ཞིབ་གནང་བ།

2024-11-06
496

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན་གྱི་ཕྱི་དྲོ་ནས་ཚེས5ཉིན་གྱི་སྔ་དྲོ་བར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཧུའུ་པའེ་ཞིང་ཆེན་ཞའོ་ཀན་གྲོང་ཁྱེར་དང་ཞན་ཉིང་གྲོང་ཁྱེར་དུ་ཕེབས་ཏེ། ཡུན་མིན་རྫོང་དངོས་མང་བཤམས་སྟོན་ཁང་དང་ཅ་ཡུས་རྫོང་ཕན་ཅ་ཝན་གྲོང་རྡལ་གྱི་སྔོ་ཚོད་འཁྱམས་ར་དང་སི་ཡི་གྲོང་ཚོ་ལ་རྟོག་ཞིབ་གནང་ཞིང་། ས་དེའི་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་དང་བེད་སྤྱོད་ལ་ཤུགས་སྣོན་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། །

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར། 
  • 顶