ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཧྥུའུ་ཆུས་ཀྱི“སྦྱར་སྡོང་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་བ།

2024-11-05
1282

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཧྥུའུ་ཆུས་ཀྱི“སྦྱར་སྡོང་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་རེ་བའང་ནན་པོ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོས་རང་ཉིད་ཀྱི་མྱོང་བ་ངོ་མ་དང་ཟུང་འབྲེལ་བྱས་ནས་གྲོང་མི་རྣམས་ལ་ལོ་རྒྱུས་དང་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས། དུས་རབས་གསར་པའི་ཧྲང་ཧའེ་གྲོང་ཁྱེར་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་བཅས་གླེང་བ་དེ་ནི་ཧ་ཅང་དོན་སྙིང་ཆེ་བའི་བྱ་བ་ཞིག་རེད།

ཞི་ཅིན་ཕིང་གིས་ནན་གྱིས་གནང་དོན། མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་ཡིན། ཁྱེད་ཚོས་མུ་མཐུད་དུ་ཉེ་འགྲམ་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་། གྲོང་མི་དེ་བས་མང་པོས་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱེད་པར་སྣེ་ཁྲིད་དེ། གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་པ་དང་། ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཐུན་མོང་ཐོག་གཏོད་ནས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་དགོས།

2019ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས། “མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་ཡིན་པའི”འདུ་ཤེས་ཐོག་མར་བཏོན་པ་དང་། དེ་རྗེས་ཧྲང་ཧའེ་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། “སྦྱར་སྡོང་སྒྲོག་འགྲེལ་ཚོགས་པ”ནི་དུས་ཡུན་རིང་བོར་ཧྲང་ཧའེ་དབྱང་ཧྥུའུ་ཆུས་ནས་འཚོ་སྡོད་བྱེད་པའི་ལས་བྱེད་པ་རྒན་པ་དང་། འཐབ་འཛིང་པ་རྒན་གྲས། ཆེད་མཁས་པ་རྒན་པ། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། གཙོ་བོ་གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་སོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་ཡོད། ཉེ་ཆར་ཚོགས་པ་དེའི་བློ་མཐུན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྒྲོག་འགྲེལ་གནས་ཚུལ་སྙན་སེང་ཞུས་ནས་ཏང་ཡོན་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱ་རྒྱུ་དང་ཧྲང་ཧའེ་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶