ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས1ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་ནས་གྲོལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དོན་བགྲོ་གླེང་འཛིན་གྲྭའི་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རྒྱས་བཤད་གནད་ལ་འཁེལ་བ་མཛད་ཡོད་ལ། དེས་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》བཀོད་སྒྲིག་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་པའི་ཐད་སྐུལ་སློང་ནུས་ལྡན་བྱས་ཡོད་པས། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ལས་དོན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ངོས་ནས་བཤད་ན། གསུང་བཤད་གལ་ཆེན་དེར་མཛུབ་སྟོན་གྱི་དོན་སྙིང་ཆེན་པོ་ལྡན། ང་ཚོས་དགོངས་དོན་དེར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་ཐུབ་པར་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱས་ཏེ། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་བྱ་རྒྱུ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་འབད་དགོས།

ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས1ཉིན་གྱི་ཕྱི་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་ནས་གྲོལ་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས་ནས་གཏམ་བཤད།
བགྲོ་གླེང་འཛིན་གྲྭ་གཉེར་བའི་སྐབས་སུ། སློབ་མ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་མགོ་རྩོམ་པའི་མཛད་སྒོའི་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་སློབ་སྦྱོང་ནན་ཏན་བྱས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་བསྡུར་དང་བརྗེ་རེས་གཏིང་ཟབ་བྱས་པའི་དབང་གིས། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བའི་བརྗོད་དོན་གཙོ་བོ་དང་རྩ་དོན་གལ་ཆེན། བྱེད་ཐབས་གལ་ཆེན། རྩ་བའི་འགན་ལེན་བཅས་ལ་བསམ་ཤེས་བྱེད་ཚད་སྔར་ལས་ཇེ་ཆེར་ཕྱིན་ཡོད་ལ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱང་མངོན་སུམ་ཆེ་རུ་ཕྱིན་ཡོད། བགྲོ་གླེང་འཛིན་གྲྭ་གྲོལ་བའི་མཛད་སྒོའི་སྟེང་བགྲོ་གླེང་འཛིན་གྲྭའི་འཐུས་མི10ཡིས་གཏམ་བཤད་སྤེལ་ཏེ་སློབ་སྦྱོང་གི་གྲུབ་འབྲས་ཐད་ནས་བསམ་འཆར་བརྗེ་རེས་དང་སྙན་ཞུ་ཕུལ།
ཚའེ་ཆི་ཡིས་བསྟན་དོན། སློབ་སྦྱོང་དང་ཞིབ་བསྡུར་བྱས་པ་བརྒྱུད། ཚང་མས་དུས་རབས་གསར་པར་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་ངེས་པར་དུ་དྲང་གཞག་གསར་གཏོད་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་སྒྱུར་བཅོས་ལ་མཛུབ་ཁྲིད་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་རྣམ་པ་བཟང་པོ་གཏོད་པ་སོགས་ཀྱི་གནད་དོན་གལ་ཆེན་གྱི་ངོས་འཛིན་གཏིང་ཟབ་ཏུ་ཕྱིན་པ་དང་ཚང་མར་གྲུབ་འབྲས་གསར་པ་ཐོབ་པར་ངེས་ཤེས་ཇེ་ཟབ་དུ་བཏང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》སློབ་སྦྱོང་དང་གོ་བ་ལེན་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་སྐོར་གྱི་བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་གོ་བ་ལེན་པ་ཟུང་འབྲེལ་བྱས་ནས། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པ་དང་མཐའ་གསལ་མཐིལ་རྟོགས་བྱ་རྒྱུར་ཤུགས་རྒྱག་དགོས། ཇུས་འགོད་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཧུར་ཐག་གིས་ཆེ་རུ་གཏོང་བ་དང་། བརྒྱུད་རིམ་ལྡན་པའི་བསམ་གཞིག་བྱེད་ཤུགས་ཆེ་རུ་གཏོང་བ། ཐབས་ཇུས་འདིང་མཁས་པ་དང་གཅིག་གྱུར་བཀོད་སྒྲིག་བྱེད་མཁས་པ། དྲང་བདེན་གསར་གཏོད་དང་གཙོ་རྐང་དམ་འཛིན་གྱིས། འགག་སྒྲོལ་དཀའ་སེལ་དང་དཔེ་མཚོན་སྣེ་ཁྲིད་བྱེད་མཁས་པ་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བསྣན་ནས་དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། ཆེས་རྒྱ་ཆེའི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་དེ་སྒྱུར་བཅོས་ཐོག་གཅིག་ཏུ་སྒྲིལ་ནས། ཕྱར་བ་གྲུ་འདེགས་དང་སྒྱུར་བཅོས་ལ་ཐུན་མོང་ཐོག་དམ་འཛིན་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱས་ཏེ། འགན་འཁྲི་ཁ་གསལ་དང་འབྲེལ་ཐག་ཆ་ཚང་། གཅིག་ལ་གཅིག་འབྲེལ་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། སྒྱུར་བཅོས་ཀྱི་བརྒྱུད་རིམ་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྔོན་འགོག་དང་ཁྱད་བསད་བྱས་ཏེ། དངོས་དོན་གྱི་ཕན་འབྲས་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་སྒྱུར་བཅོས་ལ་ཞིབ་བཤེར་བྱེད་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་བདེ་བླག་ངང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྔར་བས་འགན་ལེན་བྱེད་དགོས། ལོ་མཇུག་དང་ལོ་མགོའི་ལས་དོན་ཁག་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་ད་ལོར་བདེ་བླག་ངང་མཇུག་བསྡུ་ཐུབ་པ་དང་སང་ལོའི་མགོ་ཡག་པོ་ཞིག་འཛུགས་ཐུབ་པར་འགན་ལེན་བྱེད་དགོས།
ལི་ཀན་ཅེ་ཡིས་འཛིན་གྲྭ་གྲོལ་བའི་མཛད་སྒོར་མགོ་འཛིན་གནང་བ་དང་། ཧྲི་ཐའེ་ཧྥིན་དང་ལི་ཧྲུའུ་ལེ། ཁྲེན་ཝིན་ཆིན། ལིའུ་ཅིན་གོ། ཝང་ཞའོ་ཧུང་དང་ཁྲེན་ཞི་བཅས་འཛིན་གྲྭ་གྲོལ་བའི་མཛད་སྒོར་ཞུགས།
འཕྲིན་སྟེགས། weikangba