ཧན་ཀྲིན་གྱིས་འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ཚོགས་པའི་ཀྲུང་གོའི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་བ།

2024-11-05
480

ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ཚོགས་པའི་ཀྲུང་གོའི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས4ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ཚོགས་པའི་ཀྲུང་གོའི་འཚམས་འདྲི་ཚོགས་པར་ཐུག་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཟླ་སྔོན་མར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཧྲི་པའོ་མའོ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་བརརྟེན་འབྲེལ་ཞུས་ཤིང་། ཁོང་གིས་འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁ་ཕྱོགས་གཅིག་གི་ཐོག་ནས་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་བརྩི་སྲུང་སྒོས་རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་འཛུགས་སྐྲུན་རང་བཞིན་དང་བརྟན་ལྷིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་པར་གཞོལ་རྒྱུའི་རེ་བ་ཡོད་པར་བསྟན། ཀྲུང་གོ་དང་འཇར་པན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་རྨང་གཞི་ལེགས་པ་དང་བར་མཐོངས་ཆེ་བ། གསབ་རེས་རང་བཞིན་ཆེ་བ་བཅས་ཡོད་པས། ཕྱོགས་གཉིས་ཀྱིས་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ། ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས། ཀྲུང་གོའི་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཇེ་ཆེར་འགྲོ་རྒྱུ་ཡིན་པས། རེ་བར་འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ལྷན་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། འཇར་པན་གྱི་ཁེ་ལས་ཀྱིས་ཕྱོགས་ཡོངས་དང་གནད་ལ་འཁེལ་བའི་སྒོ་ནས་ཀྲུང་གོར་ཤེས་རྟོགས་དང་། ཀྲུང་གོའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་དགོས།

འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ལྷན་ཚོགས་ཀྱི་ལས་འཛིན་འཐུས་མི་ཤིན་ལང་ཀང་ཧྲི་ཡིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། འཇར་པན་གྱི་དཔལ་འབྱོར་མཛའ་གྲོགས་ལྷན་ཚོགས་ཀྱིས་སྦྲེལ་ཟམ་གྱི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ནས། འཇར་པན་གྱི་ཁེ་ལས་ལས་རིགས་ཀྱིས་ཀྲུང་གོའི་ཁྲོམ་ར་མུ་མཐུད་དུ་ཇེ་ཆེར་གཏོང་རྒྱུར་སྐུལ་འདེད་བཏང་སྟེ། གཉིས་ཁེ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་པར་བསྟན། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   


  • 顶