
ཙུང་ལི་ཨན་ཝ་ཨར།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་ཕྱོགས་ཀྱི་གདན་དྲངས་བ་ལྟར། མ་ལེ་ཞི་ཡའི་ཙུང་ལི་ཨན་ཝ་ཨར་ཟླ11པའི་ཚེས4ཉིན་ནས་ཚེས7ཉིན་བར་ཀྲུང་གོར་ལས་དོན་འཚམས་འདྲི་གནང་རྒྱུ་རེད།
ཨན་ཝ་ཨར་དབྱི་པི་ལ་ཞིན་ནི1947ལོའི་ཟླ8པར་སྐྱེ་པ་ཡིན། སྔ་རྗེས་སུ་མ་ལེ་ཞི་ཡའི་རིག་གནས་དང་གཞོན་ནུ། ལུས་རྩལ་བཅས་ཀྱི་པུའུ་ཀྲང་དང་། ཞིང་ལས་པུའུ་ཀྲང་། སློབ་གསོ་པུའུ་ཀྲང་། ནོར་སྲིད་པུའུ་ཀྲང་། ཙུང་ལི་གཞོན་པ་བཅས་ཀྱི་འགན་འཁུར་མྱོང་། 2022ལོའི་ཟླ11པར་མ་ལེ་ཞི་ཡའི་ཙུང་ལི་ཡི་འགན་བཞེས།
འཕྲིན་སྟེགས། weikangba