
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་འགྲེམས་སྟོན་ལྟེ་གནས་སུ“གསེར་གྱོམ+”མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད།《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་འགྲེམས་སྟོན་ལྟེ་གནས་སུ“གསེར་གྱོམ+”མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད།《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་སུ་ཚོགས་སྤྱི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དེ་ནི་འཛམ་གླིང་གི་འཕོ་འགྱུར་ཆེན་པོའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ཐུན་མོང་ཐོག་དེང་རབས་ཅན་དུ་བསྐྱོད་པ་ནི་འཛམ་གླིང་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་དཔལ་ཡོན་འཕེལ་རིམ་ཁྲོད་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་རླབས་ཆེའི་བྱ་སྤྱོད་ཅིག་ཀྱང་ཡིན། དུས་མཚུངས་སུ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་སྔར་བཞིན་འགྲན་སློང་དྲག་པོར་འཕྲད་ཡོད་པས། འཛམ་གླིང་ཡོངས་ཀྱི་ལྷོ་ཕྱོགས་དར་རྒྱས་གཏོང་བའི་ལམ་བུ་ནི་བདེ་སྙོམས་ཤིག་གཏན་ནས་མིན། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་གཡུལ་ས་ཨང་དང་པོ་ཡིན་པའི་ཆ་ནས། ང་ཚོས་ཐུན་མོང་གི་བློ་གྲོས་དང་སྟོབས་ཤུགས་མངོན་པར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་ཆེད་འགན་འཁྲི་འཁུར་ཐུབ་དགོས།
——ཞི་བདེ་བརྟན་སྲུང་བྱས་ནས་ཐུན་མོང་ཐོག་བདེ་འཇགས་ཡོང་བར་བྱེད་དགོས། ང་ཚོས་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཤིག་བྱས་ནས། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་རྩ་ལག་མཉམ་བཅོས་བྱེད་པའི་གླེང་ཆ་ཆེ་བའི་གནད་དོན་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། ངས་བཏོན་པའི་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི་དེར་ཕྱོགས་སོ་སོའི་བརྡ་ལན་ཧུར་ཐག་ཐོབ་པ་མ་ཟད། ས་ཁུལ་གྱི་བརྟན་ལྷིང་སྲུང་སྐྱོང་སོགས་ཁྱབ་ཁོངས་མང་པོར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ང་ཚོས་ཝུའུ་ཁི་ལན་ཉམས་ཉེན་གྱི་དུས་བབ་གང་མྱུར་སྒོས་ཞི་ལྷོད་དུ་གཏོང་བར་སྐུལ་འདེད་བཏང་ནས། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་ཆེད་ལམ་བུ་འདིང་དགོས། ཅ་ཧྲ་ས་ཁུལ་དུ་ཁྱོན་ཡོངས་ནས་དམག་མཚམས་འཇོག་པར་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”སླར་ཡང་ལག་བསྟར་བྱེད་པ་དང་འབྲེལ་ལེ་པ་ནོན་དུ་དམག་འཁྲུག་མི་མཆེད་པར་སྔོན་འགོག་བྱེད་དགོས།
——ཡང་བསྐྱར་འཕེལ་རྒྱས་བཏང་ནས་ཡོངས་ཁྱབ་དར་རྒྱས་ཡོང་བར་བྱེད་དགོས། ང་ཚོས་ཐུན་མོང་ཐོག་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་ཤིག་བྱས་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་སྒྱུར་བཅོས་ནང་ཧུར་ཐག་གིས་ཞུགས་པ་དང་སྣེ་ཁྲིད་བྱས་ཏེ། འཕེལ་རྒྱས་དེ་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་གྱི་གྲོས་རིམ་གྱི་ལྟེ་བའི་གནས་བབ་ཐོག་འཇོག་པར་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་བཏོན་ནས་ལོ་3སོང་རིང་། འཕེལ་རྒྱས་མ་དངུལ་ཨ་སྒོར་དུང་ཕྱུར200ཙམ་སྐུལ་སློང་བྱས་ནས་རྣམ་གྲངས་1100ལྷག་སྤེལ་ཡོད། གོ་ལ་ཧྲིལ་པོའི་བཟོ་ལས་ཀྱི་མིའི་ཐབས་རིག་ནུས་མནའ་འབྲེལ་གྱི་ཕུལ་བྱུང་ལྟེ་གནས་ཉེ་དུས་ཧྲང་ཧའེ་རུ་བཙུགས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ད་དུང་གོ་ལ་ཧྲིལ་པོའི“རིག་ནུས་འགག་སྒོའི”དྲ་ཐོག་མཉམ་ལས་ལས་སྟེགས་དང་གསེར་གྱོམ་རྒྱལ་ཁབ་འགག་སྒོའི་དཔེ་སྟོན་ལྟེ་གནས་བསྐྲུན་རྒྱུ་ཡིན་པས། རྒྱལ་ཁབ་ཁག་དེའི་ནང་ཧུར་ཐག་གིས་ཞུགས་པར་དགའ་བསུ་ཞུ་རྒྱུ་ཡིན།
——དཔལ་ཡོན་ཐུན་མོང་ཐོག་དར་བར་བྱས་ནས་སྣ་མང་ཞི་མཐུན་མངོན་འགྱུར་ཡོང་བར་བྱེད་དགོས། ང་ཚོས་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་སྐུལ་འདེད་ཀྱི་སྟོབས་ཤུགས་ཤིག་བཏོད་ནས། འབྲེལ་གཏུག་དང་སྐད་ཆ་ཤོད་རེས་ཇེ་ཟབ་ཏུ་བཏང་སྟེ། ཕན་ཚུན་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྣེ་ཁྲིད་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཇུས་འདོན་ཚོགས་པའི་མཉམ་ལས་མནའ་འབྲེལ་བཙུགས་ནས། རྒྱལ་ཁབ་ཁག་གི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་དང་རྒྱལ་སྐྱོང་སྲིད་གཉེར་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྔར་བས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེས་འཛམ་གླིང་ལ་གོ་སྐབས་དེ་བས་མང་པོ་མཁོ་འདོན་ཐུབ་ངེས་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོས་སྔ་ཕྱི་བར་གསུམ་དུ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་སེམས་པ་བཅངས་པ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་གཞི་ཚུགས་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དེ་བས་མང་པོ་གསེར་གྱོམ་བྱ་གཞག་ནང་ཞུགས་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན།

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཧྲན་འགྲེམས་སྟོན་ལྟེ་གནས་སུ“གསེར་གྱོམ+”མགོ་ཁྲིད་པའི་གྲོས་མོལ་ཚོགས་འདུར་ཞུགས་པ་མ་ཟད།《“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པ་ཁ་བྱང་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་། འདི་ནི་གྲོས་མོལ་ཚོགས་འདུར་ཞུགས་པའི་གསེར་གྱོམ་རྒྱལ་ཁབ་དང་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་འཐུས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་མི་སྣ་བཅས་ཀྱིས་མཉམ་པར་བསྐྱོན་པའི་ཚུལ་རེད།
ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚོགས་འདུར་མགོ་འཛིན་གནང་བ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་དབྱི་རན་གྱི་ཙུང་ཐུང་ཕེ་ཙེ་ཞི་ཆི་དབྱང་། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་ལ་མ་ཧྥུའུ་ས་དང་པར་ཙིར་དང་རྒྱ་གར། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། སོ་ཏི་ཨ་རབ། ཨེ་སའེ་ཨོ་པི་ཡ་བཅས་ཀྱི་འཐུས་མི་དང་གདན་ཞུས་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པའམ་འཐུས་མི25དང་། དེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐེ་ལེ་སི་དང་། གསར་སྤེལ་དངུལ་ཁང་གསར་པའི་ཧང་ཀྲང་ལུའོ་སའེ་ཧྥུའུ་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ6ཚོགས་འདུར་ཞུགས་ཡོད།
ཚེས23ཉིན་གྱི་དགོང་མོར། ཞི་ཅིན་ཕིང་ཕུའུ་ཅིན་གྱིས་གསེར་གྱོམ་རྒྱལ་ཁབ་དང་དེ་བཞིན་སྐུ་མགྲོན་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་གཉེར་བའི་དགའ་བསུའི་གསོལ་སྟོན་ལ་ཞུགས།
ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱ་འགུལ་ལ་ཞུགས།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba