
བློ་རྩེ་གཅིག་སྒྲིམ་གྱིས་བཤམས་སྟོན་ལ་ལྟ་བཞིན་པ།

ལྟད་མོ་བ་རྒྱུན་ཆད་མེད་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན་ནི་རང་རྒྱལ་གྱི་རྡུལ་ཕྲན་འབར་མདེལ་འགས་གཏོར་ལེགས་འགྲུབ་བྱུང་ཏེ་ལོ་འཁོར60ལོན་པའི་ཉིན་མོ་ཡིན། ཉིན་དེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཀྲུང་གོའི་རྡུལ་ཕྲན་གྲོང་དུ་ཡུལ་སྐོར་བ་མང་པོ་བཀུག་ཡོང་ཏེ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་། རྒྱུས་ལོན་པ་ལྟར་ན་མཚོ་སྔོན་རྡུལ་ཕྲན་གྲོང་རྗེས་དྲན་ཁང་བཙུགས་པ་ནས་ཡུལ་སྐོར་བ་མི་ཐེངས་ཁྲི400ལས་བརྒལ་བ་སྣེ་ལེན་བྱས་ཡོད།
འཕྲིན་སྟེགས། weikangba