
ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལའོ་ཝུའོ་རྒྱལ་ཚོགས་སུ་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕུང་ལ་ཐུག་འཕྲད་གནང་བ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས11ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ལའོ་ཝུའོ་རྒྱལ་ཚོགས་སུ་ལའོ་ཝུའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་སའེ་སུང་ཕུང་ལ་ཐུག་འཕྲད་གནང་བ་རེད།
ལི་ཆང་གིས་བསྟན་དོན། ཀྲུང་ལའོ་ནི་སྤྱི་ཚོགས་རིང་ལུགས་ཀྱི་མཛའ་གྲོགས་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རང་བཙན་བརྩོན་ལེན་དང་མི་རིགས་བཅིངས་འགྲོལ་གྱི་འཐབ་རྩོད་ནང་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་། རང་སོ་སོའི་སྒྱུར་བཅོས་སྒོ་དབྱེ་དང་གསར་བརྗེས་བྱ་གཞག་ཁྲོད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་གྱི་ཡོད། “བློ་མཐུན་དང་སྤུན་ཟླ”ནི་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའམ་སྤྱི་ཁྱབ་ཧྲུའུ་ཅི་ཐུང་ལུན་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་བཅས་ཀྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་ལའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་མཐོ་རིམ་མི་སྣའི་དབར་འགྲོ་འོང་དམ་ཟབ་བྱེད་པ་དང་། འཐབ་ཇུས་འབྲེལ་གཏུག་ལ་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཡང་དག་པའི་ཁ་ཕྱོགས་ལ་དམ་འཛིན་ནན་པོ་བྱེད་པ། ཁྱབ་ཁོངས་ཁག་དང་ཕྱོགས་ཡོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་ལའོ་ཝུའོ་ཡི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྒུལ་ཤུགས་གསར་པ་སྣོན་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ལའོ་ཝུའོ་ཕྱོགས་དང་ཁྲིམས་འཛུགས་སྒྲིག་གཞིའི་འགྲོ་འོང་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱེད་པ་དང་། མཉམ་ལས་ལམ་སྲོལ་གྱི་ལས་སྟེགས་ཡག་པོ་སྤྱོད་པ། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་ཆེད་དོན་ཨུ་ལྷན། ཕྱོགས་གཉིས་ཀྱི་མཛའ་གྲོགས་ཚོགས་ཆུང་བཅས་དབར་གྱི་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་གཉིས་ཀྱི་རྒྱལ་སྲིད་སྐྱོང་ལུགས་དང་ཁྲིམས་འཛུགས་ལྟ་སྐུལ་གྱི་ཉམས་མྱོང་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཀྲུང་ལའོ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྱོན་ཡོངས་ལ་ཞབས་འདེགས་དེ་བས་ལེགས་པོ་ཞུ་བ་བཅས་བྱས་ཏེ། ཕྱོགས་གཉིས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་དེ་བས་མང་པོ་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད།
སའེ་སུང་ཕུང་གིས་བསྟན་དོན། ལའོ་ཀྲུང་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ལྡན་པ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་ཚུལ་བཟང་པོ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་གོ་ལ་ཧྲིལ་པོའི་གྲོས་གཞི་ཆེན་པོ་གསུམ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། ལའོ་ཝུའོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལའོ་ཝུའོ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལའོ་ཝུའོ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཁྲིམས་འཛུགས་སྒྲིག་གཞིའི་དབར་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱེད་པ། ལའོ་ཀྲུང་དབར་གྱི་མཛའ་གྲོགས་དང་དངོས་སྒྲུབ་མཉམ་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ལའོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གྲུབ་འབྲས་དེ་བས་མང་པོ་བསྐྲུན་འདོད་ཡོད། །
འཕྲིན་སྟེགས། weikangba