
ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དབྱི་པུའུ་ལཱ་ཞིན་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་ལ་གྲོས་མོལ་གནང་།

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་ལ་གྲོས་མོལ་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡ་ནི་རྒྱ་མཚོས་བར་དུ་ཆོད་ནའང་ཕན་ཚུན་སོ་སྲུང་རོགས་རེས་བྱས་ཡོད་པའི་དབང་གིས། རྒྱལ་ཁབ་གཉིས་ཀའི་བར་མཛའ་མཐུན་ལོ་རྒྱུས་ཡུན་རིང་ལྡན། 1974ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་པ་ནས་བཟུང་། རྒྱལ་ཁབ་གཉིས་ཀས་ཐོག་མཐའ་བར་གསུམ་དུ་མཛའ་མཐུན་མཉམ་གནས་དང་སོ་སྲུང་རོགས་རེས་བྱས་ཏེ། རྒྱལ་ཁབ་དང་རྒྱལ་ཁབ་ཕན་ཚུན་བར་གྲུབ་འབྲས་ཐོབ་པ་དང་མཉམ་ལས་གཉིས་ཕན་གྱི་མིག་དཔེ་བསྐྲུན་ཡོད། ད་ལོ་ནི་ཀྲུང་གོ་དང་མ་ལེ་ཞི་ཡའི་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བ་དང་། “ཀྲུང་གོ་དང་མ་ལེ་ཞི་ཡའི་མཛའ་མཐུན་ལོ”དང་ཀྲུང་གོ་དང་མ་ལེ་ཞི་ཡའི་འབྲེལ་བ་ཡི་སྔ་འཛིན་ཕྱི་གཏོད་ཀྱི་ལོ་གལ་ཆེན་ཞིག་ཡིན། ཀྲུང་གོས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྔར་ལས་སྐུལ་འདེད་གཏོང་བཞིན་ཡོད་པ་དེས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ལ་སྒུལ་ཤུགས་གསར་པ་སྣོན་པ་དང་གོ་སྐབས་གསར་པ་སྟེར་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། མི་རབས་ནས་མི་རབས་བར་མཛའ་བརྩེ་ལྡན་པའི་ཁྱིམ་མཚེས་བྱེད་རྒྱུ་དང་། ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་མཁན་གྱི་ཟླ་གྲོགས་ཟོལ་མེད་བྱེད་པ། བརྩེ་དུང་ཟབ་མོ་ལྡན་པའི་སྤུན་ཟླ་དང་གྲོགས་པོ་བྱེད་པ། ཞི་བདེར་མཉམ་དུ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་བཅས་བྱས་ཏེ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རྒྱས་སྐྱོད་ལམ་སྟེང་དུ་འཐབ་ཇུས་མཉམ་ལས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་འཐབ་ཇུས་འབྲེལ་གཏུག་ཟབ་སྤེལ་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་ཡུལ་གྱི་གནད་དོན་གལ་ཆེན་ཐད་ནས་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡ་ཕྱོགས་ཀྱི“ཏཱ་མ་དར་རྒྱས”གཏོང་བའི་འདུ་ཤེས་ལ་རྒྱབ་སྐྱོར་བྱས་ནས། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་པ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་པ། སྤུས་ཚད་མཐོ་པོའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ། “རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”དང་ཤར་རྒྱ་མཚོའི་ངོགས་ཀྱི་ལྕགས་ལམ་སོགས་གཙོ་གནད་ལས་གཞི་མཉམ་དུ་ལག་བསྟར་ཡག་པོ་བྱེད་པ། ཞིང་ལས་དང་དབུལ་པོ་ཉུང་གཏོང་གི་མཉམ་ལས་ལ་ཤུགས་སྣོན་པ། ནུས་ཁུངས་གསར་པ་དང་གཞི་གྲངས་དཔལ་འབྱོར་སོགས་མཐོ་གསར་ལག་རྩལ་ཐོན་ལས་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བཅས་བྱས་ཏེ། རང་སོ་སོའི་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་ཀྲུང་ཧྭའི་ཤེས་རིག་དང་དབྱི་སི་ལན་གྱི་ཤེས་རིག་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་ཟབ་སྤེལ་གཏོང་བ་དང་། མཐོ་རིམ་སློབ་གསོ་དང་མཉམ་འབྲེལ་ཚན་ཞིབ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། མི་དམངས་བར་ཕན་ཚུན་རྒྱུས་མངའ་ཡོད་པར་བྱེད་པ་དང་ཕན་ཚུན་བར་གྱི་བརྩེ་སེམས་ཇེ་དམ་དུ་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་བྱ་གཞག་གི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། རྒྱལ་ཁབ་གཉིས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཁོངས་མི་གལ་ཆེན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ། གསར་དར་ཁྲོམ་རའི་དཔལ་འབྱོར་དངོས་ཕུང་བཅས་ཡིན་པའི་དབང་གིས། ཕྱོགས་གཉིས་ཀས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རྒྱལ་ཁབ་གཉིས་ཀའི་ལས་སྐལ་གཅིག་མཐུན་ཚོགས་པར་སྔར་ལས་ཕུན་སུམ་ཚོགས་པའི་དུས་རབས་ཀྱི་ནང་དོན་དང་འཛམ་གླིང་གི་དོན་སྙིང་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་མ་ལེ་ཞི་ཡས་སང་ལོར་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ། ཨེ་ཤེ་ཡ་ཤར་མའི་མཉམ་ལས་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་གནད་དོན་ཚ་ཤོས་དང་རྒྱལ་སྤྱིའི་གནད་དོན་ཐད་འབྲེལ་གཏུག་མཐུན་སྦྱོར་བྱ་རྒྱུར་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱ་ཆེད་བྱས་རྗེས་འཇོག་འདོད་ཡོད།

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་ལ་གྲོས་མོལ་གནང་།
དབྱི་པུའུ་ལཱ་ཞིན་གྱིས་བསྟན་དོན། མ་ལེ་ཞི་ཡའི་གཙོ་བདག་མཐོ་ཤོས་ཡིན་པའི་ངོས་ནས་རླབས་ཆེན་གྱི་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་ཐུབ་པ་བྱུང་བ་ནི་གཟི་བསོད་ལྡན་པ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་མགོ་ཁྲིད་དང་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་འོག ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་ནས་འཛམ་གླིང་དཔལ་འབྱོར་གྱི་སྒུལ་ཤུགས་གལ་ཆེན་དུ་གྱུར་པ་དང་། མ་ལེ་ཞི་ཡ་སོགས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། མ་ལེ་ཞི་ཡ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ལ། ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་སྔ་ཤོས་ཀྱི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཅིག་ཀྱང་ཡིན། མ་ཀྲུང་འབྲེལ་བ་དེ་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་བརྩི་འཇོག་གི་རྨང་གཞིའི་ཐོག་བཙུགས་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་སྲིད་གཞུང་གིས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལ་བསྔགས་བརྗོད་བྱ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞིང་། ཀྲུང་གོ་ནི་ཡིད་རྟོན་རུང་བའི་རོགས་ཟླར་བརྩིས་ནས་ཀྲུང་གོ་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་རོགས་ཟླའི་འབྲེལ་བ་སྟོབས་ཆེན་ཞིག་འཛུགས་རྒྱུར་གཞོལ་ཏེ། ཐུན་མོང་ཡར་རྒྱས་མངོན་འགྱུར་བྱས་ནས། ཕན་ཚུན་དེང་རབས་ཅན་གྱི་བགྲོད་ལམ་ཐོག་གི་མཉམ་སྐྱོད་པ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན། མ་ལེ་ཞི་ཡས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྲོས་གཞིའི་ཁྲོད་ནས་ཕན་པ་མི་དམན་པ་ཐོབ་ཡོད་པས། ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱས་ནས་དཔལ་འབྱོར་དངུལ་གཏོང་དང་། རྨང་གཞིའི་སྒྲིག་བཀོད། ཕན་ཚུན་སྦྲེལ་མཐུད། རིག་གནས་སློབ་གསོ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་མ་ཀྲུང་འབྲེལ་བའི་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ། ལྷོ་རྒྱ་མཚོའི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱ་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་ཕ་ལེ་སི་ཐན་གྱི་གནད་དོན་ཐད་གཞུང་དྲང་དྲང་བདེན་གྱི་ལངས་ཕྱོགས་འཛིན་གྱིན་པར་བསྟོད་བསྔགས་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འབྲེལ་གཏུག་དང་རོགས་རེས་ཤུགས་སྣོན་རྒྱག་འདོད་ཡོད།

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དབྱི་པུའུ་ལཱ་ཞིན་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།
གྲོས་མོལ་སྔོན་དུ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དབྱི་པུའུ་ལཱ་ཞིན་ལ་དགའ་བསུའི་མཛད་སྒོ་བསྡུས།

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དབྱི་པུའུ་ལཱ་ཞིན་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་སྒྱོགས་ཐེངས21འཕངས་པ་དང་། གུས་དམག་གིས་གྲལ་བསྒྲིགས་ནས་གུས་འདུད་ཞུས། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གཟིགས་ཞིབ་སྟེགས་བུའི་སྟེང་ཕེབས་ཤིང་། དམག་དཔུང་རོལ་དབྱངས་རུ་ཁག་གིས་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ། དབྱི་པུའུ་ལཱ་ཞིན་གྱིས་ཞི་ཅིན་ཕིང་གིས་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་མ་ཟད། དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལ་གཟིགས།

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ། ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་དུ་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་དབྱི་པུའུ་ལཱ་ཞིན་ལ་དགའ་བསུའི་མཛད་སྒོ་སྤེལ་བའི་ཚུལ་རེད།
ཉིན་དེའི་དགོང་མོ། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་ལྡན་ཚོམས་ཆེན་དུ། དབྱི་པུའུ་ལཱ་ཞིན་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས།
འཕྲིན་སྟེགས། weikangba