ལི་ཆང་གིས་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་ལ་ཐུག་འཕྲད་གནང་བ།

2024-09-23
373

ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས20ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་མ་ལེ་ཞི་ཡའི་ཆེས་མཐོའི་གཙོ་འཛིན་དབྱི་པུའུ་ལཱ་ཞིན་དང་ཐུག་འཕྲད་གནང་།  

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་མ་ལེ་ཞི་ཡའི་ཡིད་རྟོན་གྱི་རྨང་གཞི་བརྟན་ཞིང་མཛའ་བརྩེ་ཟབ་མོ་ལྡན། མིག་སྔར། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50ལོན་པའི་ལོ་རྒྱུས་ཀྱི་དུས་རིམ་དུ་གནས་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་སྐྲུན་བྱེད་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེས་མཐོའི་དབུ་གཙོ་དབྱི་པུའུ་ལཱ་ཞིན་དང་གྲོས་མོལ་གནང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་དང་མཉམ་ལས་རྒྱུན་མཐུད་བྱེད་པའི་ཐད་ནས་བརྗེ་རེས་གཏིང་ཟབ་གནང་ཡོད། ཀྲུང་གོས་མ་ལེ་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དངོས་འབེབས་བཟང་པོ་བྱེད་པ་དང་། མཐོ་རིམ་བར་གྱི་བརྗེ་རེས་དམ་ཟབ་སྲུང་འཛིན་བྱེད་པ། སྲོལ་རྒྱུན་མཛའ་བརྩེ་དར་སྤེལ་གཏོང་བ། འཐབ་ཇུས་ཡིད་རྟོན་ཇེ་དྲག་ཏུ་གཏོང་བ་དང་། གཉིས་ཕན་མཉམ་ལས་རྒྱ་བསྐྱེད་དེ། སྔར་ལས་མང་བའི་དངོས་གཉེར་ཕན་འབྲས་བླངས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཁེ་ཕན་གང་མང་བསྐྲུན་འདོད།

ལི་ཆང་གིས་བསྟན་དོན། ཀྲུང་གོས་མ་ལེ་ཞི་ཡ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་དུ་ཤུགས་སྣོན་པ་དང་། ཉོ་ཚོང་མཉམ་ལས་སྤུས་འདེགས་རིམ་སྤོར་ལ་སྐུལ་འདེད་གཏོང་བ། མཉམ་འབྲེལ་མཉམ་སྒུལ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་སྐུལ་འདེད་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་རྒྱ་མུ་མཐུད་ཆེ་རུ་བསྐྱེད་པ་དང་། ཤར་རྒྱ་མཚོའི་འགྲམ་ངོགས་ལྕགས་ལམ་སོགས་བཀོད་འདོམས་དམག་གྲུའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་དང་། མཁའ་ལམ་མཁའ་འགྲུལ་སོགས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། མིས་བཟོས་རིག་ནུས་དང་གཞི་གྲངས་དཔལ་འབྱོར། ནུས་ཁུངས་གསར་པ་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་མཉམ་དུ་སྲུང་སྐྱོབ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་སྔར་ལས་མང་བའི་ནུས་ཡོད་ཀྲུང་གོའི་ཁེ་ལས་ཀྱིས་མ་ལེ་ཞི་ཡ་རུ་དངུལ་གཏོང་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཕྱོགས་གཉིས་ཀྱིས་ན་གཞོན་དང་སློབ་གསོ། རིག་གནས་ཡུལ་སྐོར་སོགས་མི་ཆོས་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་སྣའི་འགྲོ་འོང་ཐད་སྔར་ལས་ལྷག་པའི་སྟབས་བདེ་བསྐྲུན་ནས་ཕན་ཚུན་རྒྱུས་ལོན་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོས་མ་ལེ་ཞི་ཡ་སོགས་ཨེ་ཤ་ཡ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཤར་ཕྱོགས་མནའ་འབྲེལ་གྱི་ས་ཁུལ་མཉམ་ལས་ཁྲོད་ཀྱི་དཀྱིལ་སྙིང་གོ་གནས་ལ་སྲུང་སྐྱོབ་བྱེད་པ་དང་། ཁུལ་ཁོངས་དཔལ་འབྱོར་གཞི་གཅིན་ཅན་ལ་སྐུལ་འདེད་བཏང་ནས། ལག་རྡང་མཉམ་སྦྲེལ་གྱིས་ཞི་བདེ་ལྷིང་འཇགས་དང་ཐུན་མོང་དར་རྒྱས། སྒོ་འབྱེད་མཉམ་འདྲེས་བཅས་ཀྱི་ཨེ་ཤ་ཡ་བསྐྲུན་རྒྱུར་འཐད་པ་ཡིན།

དབྱི་པུའུ་ལཱ་ཞིན་གྱིས་བསྟན་དོན། ད་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འགོར་བའི་སྐབས་དང་འཁེལ་ཡོད་ཅིང་། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་བཟུང་ཡུན་རིང་འཕེལ་རྒྱས་བྱུང་ནས། ཕྱོགས་གཉིས་ཀྱི་འབྲེལ་བའི་རྨང་གཞི་ཇེ་བརྟན་དང་མཐོ་རིམ་འགྲོ་འོང་དམ་ཟབ་ཏུ་གྱུར་ཡོད་པར་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་མཉམ་ལས་ལ་གདེང་འཇོག་ཚད་མཐོ་དང་དེའི་ཁྲོད་ཧུར་ཐག་ཞུགས་རྩིས་ཡོད་ལ། ཀྲུང་གོའི་ཁྲོམ་ར་ཆེན་པོས་འཕེལ་རྒྱས་ཀྱི་གོ་སྐབས་སྩོལ་ཐུབ་པར་ཡིད་ཆེས་བྱས་ཡོད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་འཁོར50གོ་སྐབས་སུ་བརྩིས་ཏེ། ཕྱོགས་གཉིས་ཀྱི་ཉོ་ཚོང་དང་། ཐོན་ལས། དངུལ་གཏོང་། ཚན་རྩལ་མཐོན་པོ། ཞིང་ལས། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་བྱས་ཏེ་མི་ཆོས་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་རྒྱལ་སྤྱི་དང་ས་གནས་ལས་དོན་ཁྲོད་ཀྱི་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་ལ་བསྟོད་བསྔགས་བྱེད་བཞིན་ཡོད། ཤར་ཕྱོགས་མནའ་འབྲེལ་དང་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། མ་ལེ་ཞི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འཛུགས་སྐྲུན་རང་བཞིན་གྱི་ཁ་བརྡར་ཤུགས་སྣོན་བྱས་ཏེ། ལྷོ་རྒྱ་མཚོ་དེ་ཞི་བདེའི་རྒྱ་མཚོ་དང་མཛའ་བརྩེའི་རྒྱ་མཚོ། མཉམ་ལས་རྒྱ་མཚོ་བཅས་སུ་འགྱུར་བར་མཉམ་དུ་འབད་པ་བྱེད་འདོད་ཡོད་ཞེས་བསྟན།

ཝུའུ་ཀྲིན་ལུང་ཐུག་འཕྲད་ཁྲོད་ཞུགས། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   
  • 顶