རང་རྒྱལ་གྱི་ལུས་རྩལ་བྱ་གཞག་སྤུས་ཚད་མཐོན་པོས་གོང་དུ་འཕེལ།

2024-09-19
439

རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ9པའི་ཚེས18ཉིན་གྱི་སྔ་དྲོར། “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་མུ་འབྲེལ་བརྗོད་དོན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ལུས་རྩལ་བྱ་གཞག་ལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བ་དང་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་འཕེལ་རྒྱས་གསར་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འབད་པས་ལག་བསྟར་བྱས་ཏེ། ལུས་རྩལ་བྱ་གཞག་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྤྱི་འདོམས་སྒོས་སྐུལ་འདེད་བཏང་ནས། རང་རྒྱལ་གྱི་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་རྒྱུར་སྐུལ་འདེད་གཏོང་བའི་ཐད་རྣམ་པ་གསར་པ་བསྐྲུན་ཡོད། དམངས་ཡོངས་ཀྱི་ལུས་སྦྱོང་ཐད་ཀྱི་འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་ཕྱིན་ཡོད་པ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་གི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་རིམ་འཕར་བྱུང་ཡོད་ལ། མང་ཚོགས་ཀྱི“གང་དུ་སོང་ནས་ལུས་སྦྱོང་བྱེད་དགོས་པའི”དཀའ་གནད་རིམ་བཞིན་ཞི་ལྷོད་ཅན་དུ་བཏང་བ་བཅས་མངོན་འགྱུར་བྱུང་ཡོད། རྩལ་འགྲན་ལུས་རྩལ་གྱི་ཐད་ནས་བཤད་ན། 2012ལོ་ནས2023ལོའི་བར་རང་རྒྱལ་གྱིས་ཁྱོན་བསྡོམས་འཛམ་གླིང་གི་ཨང་དང་པོ1244བླངས་ནས། འཛམ་གླིང་གི་ཟིན་ཐོ་ཐེངས161བསྐྲུན་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། རང་རྒྱལ་གྱི་ལུས་རྩལ་ཐོན་ལས་ཀྱི་སྤྱིའི་གཞི་ཁྱོན་དང་རིན་ཐང་འཕར་མ་ཆེས་ཆེར་འཕར་ཡོད། 2012ལོ་ནས2022ལོའི་བར་དུ། ལུས་རྩལ་ཐོན་ལས་ཀྱི་རིན་ཐང་འཕར་མའི་ལོ་རེའི་ཆ་སྙོམས་འཕར་ཚད་ཀྱིས15.4%ཟིན་པ་དང་། 2023ལོར་རང་རྒྱལ་གྱི་ལུས་རྩལ་ཞབས་ཞུའི་ཚོང་དོན་གཙོ་བོའི་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར་སྒོར་ཐེར་ཆེན་ལྔ་དང་ཐེར་འབུམ་གཉིས་དུང་ཕྱུར་བརྒྱད་བྱེ་བ་དགུ་ཟིན་པ་དེ་528.9ཟིན་པ་དེ་ལོ་སྔོན་མ་ལས178%འཕར་ཡོད།  མིག་སྔར་རང་རྒྱལ་དུ་འགྲན་སྡུར་འཁྲབ་སྟོན་དང་ལུས་སྦྱོང་སྤྲོ་གསེང་ཁྲིད་སྟོན་དུ་བྱེད་པ་དང་། ལུས་རྩལ་ཁང་གི་ཞབས་ཞུ་དང་ལུས་རྩལ་གསོ་སྦྱོང་། ལུས་རྩལ་བཟོ་སྐྲུན། ལུས་རྩལ་སྨྱན་སྦྱོར་སོགས་མཉམ་དུ་འཕེལ་རྒྱས་འགྲོ་བའི་ལུས་རྩལ་ཐོན་ལས་ཀྱི་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།

  • 顶