ལིས་ཆང་གིས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་སྐབས68པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

2024-09-18
432

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཟླ9པའི་ཚེས16ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ཚོགས་ཆེན་སྐབས68པར་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས།

ལིས་ཆང་གིས་ཐོག་མར་ཀྲུང་གོ་སྲིད་གཞུང་གི་ཚབ་མཛད་དེ་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས། ཁོང་གིས་ཉིང་རྡུལ་ནུས་པ་ནི་དག་གཙང་ནུས་ཁུངས་གལ་ཆེན་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲང་གཞག་དང་མཉམ་ལས། གཉིས་ཕན་བཅས་ཀྱི་རྒྱལ་སྤྱིའི་ཉིང་རྡུལ་བདེ་འཇགས་མ་ལག་འཛུགས་དགོས་པའི་བཞེད་དགོངས་བཏོན། ཀྲུང་གོ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ནང་ཞུགས་ནས་ལོ40འཁོར་བའི་རིང་ལ། ཐོག་མཐའ་བར་གསུམ་དུ་བསམ་སྦྱོར་དངོས་ལ་བརྟེན་ནས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་ཏེ། ཕྱོགས་གཉིས་ཀས་ཉིང་རྡུལ་ནུས་པ་གསར་སྤེལ་བེད་སྤྱོད་དང་། ཉིང་རྡུལ་བདེ་འཇགས་དང་ཉིང་རྡུལ་བདེ་སྲུང་། ལྟ་སྐུལ་འགན་ལེན་དང་རྒྱ་ཡན་དུ་འགྲོ་བར་འགོག་པ་སོགས་ཀྱི་ཁྱབ་ཁོངས་ཁྲོད་ཕྱོགས་ཡོངས་ཀྱི་མཉམ་ལས་འབྲེལ་བ་བཙུགས་པར་གྲུབ་འབྲས་ཆེན་པོ་ཐོབ་ནས། འཛམ་གླིང་ཧྲིལ་པོའི་ཉིང་རྡུལ་ནུས་པ་བཅོས་སྐྱོང་དང་འཕེལ་རྒྱས་ཐད་སྟོབས་ཤུགས་གལ་ཆེན་ཕུལ་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོས་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་དང་ཁོངས་གཏོགས་རྒྱལ་ཁབ་གཞན་དག་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་བསྣན་ཏེ། མཉམ་དུ་ལག་རྡང་སྦྲེལ་ནས་འཛམ་གླིང་ཧྲིལ་པོའི་ཉིང་རྡུལ་ནུས་པ་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་ཡོང་བར་བྱེད་པ་དང་། ཉིང་རྡུལ་ནུས་པ་འཕེལ་རྒྱས་སྔར་ལས་ཀུན་ཕན་དཀྱེལ་ཡངས་ཡོང་བར་བྱེད་པ། ཉིང་རྡུལ་ནུས་པའི་མཉམ་ལས་སྔར་ལས་སྒོ་འབྱེད་དང་གོ་རིམ་ལྡན་པ་བཅས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

བན་དེ་སྐྱབས་ཀྱིས་བསྒྱུར།

  • 顶