ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་གྱི་ཕྱི་དྲོ་ནས་ཚེས11ཉིན་གྱི་སྔ་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྔ་རྗེས་སུ་ཧྲན་ཞི་ཞིང་ཆེན་གྱི་པའོ་ཅི་གྲོང་ཁྱེར་དང་ཀན་སུའུ་ཞིང་ཆེན་གྱི་ཐན་ཧྲུའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བར་ཕེབས། པའོ་ཅི་གྲོང་ཁྱེར་དུ་ཞི་ཅིན་ཕིང་གིས་པའོ་ཅི་ལི་ཆས་རྟེན་མཛོད་ཁང་དང་ཝེ་ཧོ་གཙང་བོའི་སྐྱེ་ཁམས་སྤྱི་གླིང་ལ་རྟོག་ཞིབ་མཛད་དེ། ས་གནས་དེའི་རིག་དངོས་སྲུང་སྐྱོང་བེད་སྤྱོད་དང་ཝེ་ཧོ་གཙང་བོའི་སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ཐན་ཧྲུའེ་གྲོང་ཁྱེར་དུ་ཞི་ཅིན་ཕིང་གིས་ཧྥུ་ཞི་ལྷ་ཁང་དང་མའེ་ཅི་རི་བོའི་ལྷོ་རིའི་ཧྭ་ཉིའུ་ཀུ་ཤུའི་རྟེན་གཞི། མའེ་ཅི་རི་བོའི་བྲག་ཕུག་བཅས་ལ་རྟོག་ཞིབ་མཛད་དེ། ས་གནས་དེའི་ཤུལ་བཞག་རིག་གནས་སྲུང་སྐྱོང་རྒྱུན་འཛིན་དང་། ཁྱད་ཆོས་ལྡན་པའི་དེང་རབས་རི་ཁུལ་གྱི་ཤིང་འབྲས་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་གནང་། །













འཕྲིན་སྟེགས། weikangba