ཞི་ཅིན་ཕིང་གིས་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པ།

2024-09-13
680

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས11ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་དུ་ཕེབས་ནས། སྔ་རྗེས་སུ་ཨན་ཉིང་ཁུལ་གྱི་ཙོ་ལིན་ནུབ་སྡེ་ཁུལ་དང་རྨ་ཆུའི་ལན་ཀྲོའུ་ཀྲུང་ཧྲན་ཟམ་པའི་དུམ་བུར་རྟོག་ཞིབ་མཛད་པ་དང་། ས་གནས་དེའི་སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུ་ལེགས་སྒྱུར་དང་། སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་།  །

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  

  • 顶