འགོ་ཁྲིད་འདི་གཉིས་བཟུང་འདུག

2024-09-03
877

ཀོང་ཞི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་ཝེ་ཅ་ཀན་འཛིན་རྒྱུའི་ཐག་བཅད།

དེ་སྔའི་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ལས་འཛིན་འགོ་གཙོ་ཝེ་ཅ་ཀན་(ཐིང་རིམ་རྒན་པ་)གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་བདག་སྐྱོང་བྱེད་ཁོངས་དམིགས་འཛུགས་བྱས་པ་བརྒྱུད། ཁྲུང་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཞིབ་བཤེར་དང་ཞུ་གཏུག་བྱས་པ་རེད། ཉིན་ཤས་གོང་། ཁྲུང་ཙུའོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཝེ་ཅ་ཀན་འཛིན་རྒྱུའི་ཐག་བཅད། གྱོད་གཞི་འདི་ཐག་གཅོད་བཞིན་པའི་སྒང་རེད།

ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ཁང་ཡུའེ་ལིན་འཛིན་རྒྱུའི་ཐག་བཅད།

ཧུའུ་ནན་ལྕགས་ལམ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་གི་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ཁང་ཡུའེ་ལིན་(ཐིང་རིམ་གཞོན་པ་)གྱིས་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞི་དེ་ཧུའུ་ནན་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྟག་དཔྱད་མཇུག་བསྒྲིལ་ནས། ཞིབ་དཔྱོད་ལས་ཁུངས་ལ་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུར་བསྐྱལ་བ་རེད། ཉིན་ཤས་གོང་ཧུའུ་ནན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་ཡོད་ཀྱི་ཐོག་ནས་ཁང་ཡུའེ་ལིན་འཛིན་རྒྱུའི་ཐག་བཅད། གྱོད་དོན་འདི་ཐག་གཅོད་བཞིན་པའི་སྒང་རེད།

༄༅།།ཕུའུ་ཅིང་གིས་ཆོག་མཆན་སྤྲད་འདུག

ས་གནས་དེ་གའི་དུས་ཚོད་ཟླ་8ཚེས་31ཉིན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་མཉམ་འབྲེལ་རྒྱལ་ཚོགས་སྐབས་79པའི་ཚོགས་ཆེན་ལ་ཞུགས་མཁན་ཨུ་རུ་སུའི་འཐུས་མི་ཚོགས་པའི་ཁོངས་མིའི་མིང་ཐོར་ཆོག་མཆན་གནང་བ་རེད།

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུ་ལའོ་ཧྥུ་ཡིས་འཐུས་མི་ཚོགས་པའི་ཚོགས་གཙོའི་འགན་བཞེས་པ་དང་། འཐུས་མི་ཚོགས་པའི་ཁོངས་མིའི་ནང་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་གཞོན་པ་ཝེར་ཞི་ཉིང་དང་། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཁཱ་ལ་ཞིན། ཨུ་རུ་སུར་རྒྱུན་སྡོད་བྱེད་མཁན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མི་ཉེ་པེན་ཅ་དང་རྒྱལ་ཁབ་ཏུའུ་མ་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་ལས་དོན་ཨུ་ཡོན་ལྟན་ཁང་གི་ཀྲུའུ་ཞི་སི་ལུའུ་ཚི་ཅི་སོགས་ཚུད་ཡོད།

  • 顶