ཁྲབ་སྟོན་བྱེད་ཚད་མགྱོགས་མྱུར་འཕར་བ།2023ལོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་བྱེད་

2024-03-28
237

       ཉིན་ཤས་གོང་ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་འཕེལ་རྒྱས་སྐོར་གྱི་གནས་ཚུལ་གནད་བསྡུས》(གཤམ་དུ《གནས་ཚུལ་གནད་བསྡུས》ཞེས་བསྡུ་རྒྱུ)ལས་མངོན་པར། 2023ལོར་རྒྱལ་ཡོངས་ཀྱི་འཁྲབ་སྟོན་ཁྲོམ་རའི་དཔལ་འབྱོར་གྱི་སྤྱིའི་གཞི་ཁྱོན་སྒོར་དུང་ཕྱུར་739.94ཟིན་པ་དེ་2019ལོའི་དུས་མཚུངས་ལས་29.30%འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་ཡོད་པ་རེད།

  • ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། འཁྲབ་སྟོན་གྱི་ལས་རྣམ་གསར་པ་དང་། བྱེད་ཐབས་གསར་པ། རྣམ་པ་གསར་པ་བཅས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་པར་ཕན་འབྲས་རགས་ཙམ་ཐོན་ཏེ་འཁྲབ་སྟོན་ཁྲོམ་ར་ཁྱོན་ཡོངས་ནས་འཕེལ་རྒྱས་ཕྱིན་ཡོད་ཅེས་བརྗོད།

    《གནས་ཚུལ་གནད་བསྡུས》ནང་མངོན་པར། 2023ལོར་རྒྱལ་ཡོངས་སུ་འཁྲབ་སྟོན་ཐེངས་ཁྲི་44.06(གྲོང་གསེབ་ཀྱི་འཁྲབ་སྟོན་དང་རོལ་རྩེད་ཁང་གི་འཁྲབ་སྟོན་ཚུད་མེད་པ)བྱས་པ་དེ་2019ལོའི་དུས་མཚུངས་ལས་123.55%འཕར་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་502.32ཟིན་པ་དེ་2019ལོའི་དུས་མཚུངས་ལས་150.65%འཕར་བ། ལྟད་མོ་བ་མི་གྲངས་མི་ཐེངས་ཁྲི་17113.64ཟིན་པ་དེ་2019ལོའི་དུས་མཚུངས་ལས་83.01%འཕར་ཡོད་པ་རེད།

    སྤ་སེ་བཙོངས་པའི་ཡོང་འབབ་ཕུད། ད་དུང་འཁྲབ་སྟོན་གྱི་མཆེད་རྫས་དང་དེ་བཞིན་ཉེ་འཁོར་གྱི་ཡོང་འབབ་དང་། འཁྲབ་སྟོན་གྱི་རོགས་སྐྱོར་ཡོང་འབབ། གཉེར་སྐྱོང་བྱེད་པོའི་སྡེ་ལས་དང་དེ་བཞིན་ལེ་ལག་ཚང་བའི་ཞབས་ཞུའི་ཡོང་འབབ། སྒྱུ་རྩལ་སློབ་གསོའི་ཞབས་ཞུའི་ཡོང་འབབ་སོགས་འཁྲབ་སྟོན་གཉེར་སྐྱོང་བྱེད་པོའི་ཡོང་འབབ་གཞན་དག་ཁྱོན་སྒོར་དུང་ཕྱུར་237.62ཟིན་ཡོད་པ་རེད།


  • ཟློས་གར་ཁང་ཆུང་གྲས་དང་འཁྲབ་སྟོན་གྱི་བར་མཐོངས་གསར་པ་ཐོན་པ།

    2023ལོར་ཟློས་གར་ཁང་ཆུང་གྲས་དང་འཁྲབ་སྟོན་གྱི་བར་མཐོངས་གསར་པ་ཁྱོན་ཡོངས་དང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ཡོད། 《གནས་ཚུལ་གནད་བསྡུས》ནང་མངོན་པར། ཟློས་གར་ཁང་ཆུང་གྲས་དང་འཁྲབ་སྟོན་གྱི་བར་མཐོངས་གསར་པར(རོལ་དབྱངས་འདུ་ཚོགས་ཆུང་གྲས་ Livehouse ཚུད་པ)འཁྲབ་སྟོན་ཐེངས་ཁྲི་18.69བྱས་པ་དེ་2019ལོའི་དུས་མཚུངས་ལས་471.07%འཕར་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་48.03ཟིན་པ་དེ་2019ལོའི་དུས་མཚུངས་ལས་463.13%འཕར་བ། ལྟད་མོ་བའི་གྲངས་འབོར་མི་ཐེངས་ཁྲི་2442.40ཟིན་པ་དེ་2019ལོའི་དུས་མཚུངས་ལས་250.54%འཕར་ཡོད་པ་རེད།

    “བར་མཐོངས་གསར་པ་གྲོང་ཁྱེར་འཕེལ་རྒྱས་ཀྱི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་གྱུར་བས། ས་ཆ་མང་པོ་ཞིག་གིས་ཆེད་དོན་སྲིད་ཇུས་བཏོན་ནས་འབྲེལ་ཡོད་འཁྲབ་སྟོན་ཁེ་ལས་ཞུགས་པའི་ཡིད་དབང་འགུག་པ་དང་། སྲོལ་རྒྱུན་གྱི་བར་མཐོངས་སྒྱུར་བཀོད་བྱེད་པ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བཅས་བྱེད་ཀྱི་ཡོད” ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཁྲོམ་རའི་སྤྱི་ཡོངས་ནས་བལྟས་ན། འཁྲབ་སྟོན་ཆུང་གྲས་དང་ཆེས་ཆུང་གྲས་དེ་དག་གིས་མ་རྩོམ་རོལ་དབྱངས་སྒྲིག་བཟོ་དང་། གསར་རྩོམ་ཚོགས་པ་གསོ་སྐྱོང་། འཁྲབ་སྟོན་ལས་སྒོ་ཕུན་སུམ་ཚོགས་སུ་གཏོང་བ། ལྟད་མོ་བའི་ཚོགས་སྤྱི་སྐྱེད་སྲིང་སོགས་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ཅེས་བརྗོད།


  • གླུ་གཞས་དགོང་ཚོགས་དང་རོལ་དབྱངས་དུས་ཆེན་གྱི་ཕན་འབྲས་མངོན་གསལ་དོད་པ།

    《གནས་ཚུལ་གནད་བསྡུས》ནང་མངོན་པར། 2023ལོར་མི་གྲངས་2000ཡན་གྱི་གླུ་གཞས་དགོང་ཚོགས་ཆེ་འབྲིང་དང་རོལ་དབྱངས་དུས་ཆེན་རིང་འཁྲབ་སྟོན་ཐེངས་ཁྲི་0.56བྱས་པ་དེ་2019ལོའི་དུས་མཚུངས་ལས་100.36%འཕར་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་201.71ཟིན་པ་དེ་2019ལོའི་དུས་མཚུངས་ལས་373.60%འཕར་བ། ལྟད་མོ་བའི་མི་གྲངས་མི་ཐེངས་ཁྲི་3551.88ཟིན་པ་དེ་2019ལོའི་དུས་མཚུངས་ལས་208.50%འཕར་ཡོད་པ་རེད།

    2023ལོའི་ལོ་སྟོད་ནས་བཟུང་། གླུ་གཞས་དགོང་ཚོགས་དང་རོལ་དབྱངས་དུས་ཆེན་གྱི་སྤ་སེ་གཅིག་སྡུད་ཐོག་སྤྲད་པས་འཁྲབ་སྟོན་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་ཕྱིན་ཡོད། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་དབྱེ་ཞིབ་བྱས་ཏེ་བརྗོད་དོན། “ཕྱོགས་གཅིག་ནས་འཁྲབ་སྟོན་གྱི་རྣམ་གྲངས་ཆེ་གྲས་གཅིག་སྡུད་ཐོག་གཉེར་བས་གྲངས་འབོར་དང་ཐེངས་གྲངས་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་སུ་སླེབས་པ་མ་ཟད། སྤུས་ལེགས་རྣམ་གྲངས་ཀྱིས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་2023ལོར་གླུ་གཞས་དགོང་ཚོགས་དང་རོལ་དབྱངས་དུས་ཆེན་གཤམ་སྤེལ་གྱི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ་ལས་རིམ་པ་གསུམ་པ་དང་བཞི་པའི་གྲོང་ཁྱེར་དུ་བྱེད་སྒོ་དེ་རིགས་སྤེལ་བའི་བསྡུར་གྲངས་མཐོ་རུ་ཕྱིན་ཏེ། གྲོང་ཁྱེར་བསྒྲལ་ནས་འཁྲབ་སྟོན་ལ་ལྟ་བར་སྐུལ་ཁྲིད་དང་ས་གནས་ཀྱི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད”


  • ཡུལ་སྐོར་འཁྲབ་སྟོན་བྱེད་ཚད་མགྱོགས་མྱུར་འཕར་བ།

    2023ལོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་འཁྲབ་སྟོན་བྱེད་ཚད་མགྱོགས་མྱུར་འཕར་ཞིང་། 《གནས་ཚུལ་གནད་བསྡུས》ལས་མངོན་པར། 2023ལོར་ཡུལ་སྐོར་འཁྲབ་སྟོན་ཐེངས་ཁྲི་15.07བྱས་པ་དེ་2019ལོའི་དུས་མཚུངས་ལས་72.61%འཕར་བ་དང་། སྤ་སེ་བཙོངས་པའི་ཡོང་འབབ་སྒོར་དུང་ཕྱུར་166.36ཟིན་པ་དེ་2019ལོའི་དུས་མཚུངས་ལས་125.45%འཕར་བ། ལྟད་མོ་བའི་མི་གྲངས་མི་ཐེངས་ཁྲི་8055.13ཟིན་པ་དེ་2019ལོའི་དུས་མཚུངས་ལས་54.14%འཕར་ཡོད་པ་རེད།

    “འཁྲབ་སྟོན་ཞིག་གི་ཕྱིར་ཆེད་མངགས་གྲོང་ཁྱེར་ཞིག་ཏུ་སྐྱོད”པ་དེ་2023ལོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་རླབས་རྒྱུན་གསར་པར་གྱུར་ཡོད། ཀྲུང་གོ་འཁྲབ་སྟོན་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཕྱོགས་གཅིག་ནས་རྒྱུན་མཐུད་ཇེ་ཆེར་འགྲོ་བའི་ཕྱིར་སྐྱོད་ཀྱི་དགོས་མཁོས་སྲོལ་རྒྱུན་གྱི་ཡུལ་སྐོར་འཁྲབ་སྟོན་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་རྣམ་པ་རྒྱུན་འཁྱོངས་ཡག་པོ་ཐུབ་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་གསར་དུ་བསྣན་པའམ་སྤུས་ཚད་མཐོ་རུ་བཏང་བའི་ཡུལ་སྐོར་འཁྲབ་སྟོན་རྣམ་གྲངས་ཀྱིས་ས་གནས་དང་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། མཛེས་ལྗོངས་ཁུལ་དེ་བས་སྐད་གྲགས་ཆེ་རུ་བཏང་བའམ་ཡང་ན་འཁྲབ་སྟོན་གྱི་ནང་དོན་ལྟེ་བར་བྱས་ནས་ཡུལ་སྐོར་ཐོན་ཁུངས་དང་གྲོང་ཁྱེར་གྱི་སྐད་གྲགས་ཆེ་ས་བསྐྱར་དུ་སྦྲེལ་མཐུད་བྱས་པས་ཡུལ་སྐོར་འཁྲབ་སྟོན་གྱི་རྣམ་པ་གསར་པ་ཞིག་གྲུབ་ཡོད་ཅེས་བརྗོད།



  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།      རྩོམ་པ་པོ།  ཀྲེང་ཧའེ་ཨོའུ།     
  • 顶