སྤྱི་བདེ་པུའུ་ཡིས2023ལོར་ནག་ཚོགས་ངན་ཤུགས་དང་འབྲེལ་བའི་ནག་ཉེས་རྩ་འཛུགས1900ལྷག་སེལ་བ་དང་དོགས་ཡོད་ཉེས་ཅན་མི་ཁྲི2.7འཛིན་བཟུང་བྱས།

2024-01-19
256

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས17ཉིན། སྤྱི་བདེ་པུའུ་ནས་རྒྱུས་ལོན་པ་ལྟར་ན། 2023ལོར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བསྟུད་མར་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། བསྡོམས་པས་ནག་ཚོགས་ངན་ཤུགས་དང་འབྲེལ་བའི་ནག་ཉེས་རྩ་འཛུགས1900ལྷག་གཏོར་བ་དང་དོགས་ཡོད་ཉེས་ཅན་མི་ཁྲི2.7འཛིན་བཟུང་བྱས་ལ། རིགས་སོ་སོའི་ཉེས་དོན་གྱོད་གཞི་ཁྲི2.9ལྷག་རྩད་ཆོད།

2023ལོར། སྤྱི་བདེ་པུའུ་ཡིས་གྱོད་གཞི་ཚབས་ཆེན་དང་རྙོག་འཛིང་གི་ནག་ཚོགས་ངན་ཤུགས་དང་འབྲེལ་བའི་གྱོད་གཞི37ལ་བྱང་འགེལ་ལྟ་སྐུལ་བྱས་ཏེ། མཛུབ་སྟོན་ལྟ་སྐུལ་དང་ཆེད་མཁས་རོགས་སྐྱོར་ལ་ཤུགས་བསྣན་ནས་གྱོད་སྒྲུབ་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་བཏང་། དུས་མཚུངས་སུ། ནུས་ཤུགས་ཡོད་རྒུས་ནག་ཚོགས་ངན་ཤུགས་དང་འབྲེལ་བའི་བྲོས་བྱོལ་མི་སྣ་འཛིན་བཟུང་ཏེ། ས་ཁུལ་སོ་སོའི་བྲོས་བྱོལ་བྱེད་པའི་དོགས་ཡོད་ཉེས་ཅན་མི1222བཟུང་པ་དང་། དེའི་ནང་རྒྱལ་ནང་གི་མི1105དང་ཕྱི་རྒྱལ་གྱི117ཡོད།

ནག་ཚོགས་ངན་ཤུགས་ཀྱི་ནག་ཉེས་དེ་དྲ་བར་ཁྱབ་པའི་གནས་བབ་ཚབས་ཆེན་ལ་དམིགས་ཏེ། སྤྱི་བདེ་པུའུ་ཡིས་ས་ཁུལ་སོ་སོའི་སྤྱི་བདེ་ལས་ཁུངས་ལ་དྲ་བ་དང་འབྲེལ་བའི་ནག་ཉེས་ལ་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ཆེད་དམིགས་བྱ་སྤྱོད་སྤེལ་བར་བཀོད་སྒྲིག་བྱས་ཤིང་། བསྡོམས་པས་དྲ་བའི་ནག་ཚོགས་ངན་ཤུགས་ཀྱི་རྩ་འཛུགས795གཏོར་བ་དང་དོགས་ཡོད་ཉེས་ཅན་མི་ཁྲི1.2ལྷག་འཛིན་བཟུང་བྱས་པ་དང་། ཉེས་དོན་གྱོད་གཞི་ཁྲི1.8རྩད་ཆོད། དེའི་ནང་། འབྲེལ་ཡོད་ནག་ཉེས་དོན་དངོས་དང་བདེན་དཔང་ཁོང་དུ་ཆུད་པའི་རྨང་གཞིའི་སྟེང་། སྤྱི་བདེ་པུའུ་ཡིས་པེ་ཅིན་དང་ཧྲན་ཏུང་སོགས་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་དང་ཧིན་རྡུ་ཉི་ཞི་ཡའི་ཉེན་རྟོགས་ཕྱོགས་དང་མཉམ་དུ་ཉེན་དོན་ཁྲིམས་འཛིན་མཉམ་ལས་སྤེལ་ནས། ཧིན་རྡུ་ཉི་ཞི་ཡའི་པ་ཏེན་གླིང་ཕྲན་སོགས་ས་ཁུལ་དུ་སྦས་སྐུང་བྱས་པའི་རྒྱལ་མཚམས་བརྒལ་བའི་གཅེར་མོལ་གཡོ་ལེན་ནག་ཉེས་ཚོགས་པ་ཆེན་མོ་གཏོར་བ་རེད།

རྒྱལ་ཡོངས་སྤྱི་བདེ་ཉེས་དོན་མྱུལ་ཞིབ་སྡེ་ཁག་གིས་ཧུར་ཐག་གིས་འབྲི་ཆུའི་ཁྲིམས་འགལ་བྱེ་འདོན་དང་རྒྱ་མཚོའི་བྱེ་འདོན་ལ་བཅོས་སྐྱོང་རྡུང་རྡེག་གཏོང་བ་སོགས་ཀྱི་ཆེད་དམིགས་བྱ་སྤྱོད་སྤེལ་ལ། མུ་མཐུད་དུ་བྱེ་མའི་བཙན་བདག་དང་གཏེར་ཁའི་བཙན་བདག སྡེ་བའི་བཙན་བདག ཤང་གྲོང་བཙན་བདག་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ནག་ཚོགས་ངན་ཤུགས་ལ་རྡུང་རྡེག་གཏོང་བར་སྐུལ་སྤེལ་བྱས་པ་དང་། རང་བྱུང་ཐོན་ཁུངས་ཁྱབ་ཁོངས་ཀྱི་ནག་ཚོགས་ངན་ཤུགས་རྩ་འཛུགས28གཏོར། 2023ལོའི་ཟླ9པར། འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་སློབ་གསོ་དང་དངུལ་རྩའི་དངུལ་བུན། ཚོང་རའི་འཁོར་རྒྱུག་སོགས་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། བསྡོམས་པས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ནག་ཚོགས་ངན་ཤུགས་དང་འབྲེལ་བའི་གྱོད་གཞི800ལྷག་ལ་མྱུལ་ཞིབ་བྱས་ནས། དོགས་ཡོད་ཉེས་ཅན་མི6000ལྷག་འཛིན་བཟུང་བྱས་ཏེ། ལས་རིགས་ཀྱི་རྙོག་འཛིང་རྣམ་པར་བཅོས་སྒྲིག་བྱས། །


  • 顶