2023ལོའི་རྒྱལ་ཡོངས“གྲོང་གསེབ་ཀྱི་རིག་རྩལ་མཚན་ཚོགས”དཔེ་སྟོན་འགྲེམས་སྟོན་བྱེད་སྒོར་མི་ཐེངས་དུང་ཕྱུར་1.3ཞུགས་པ།

2023-12-18
482

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རིག་གནས་འཛུགས་སྐྱོང་ནི་རྩ་གསོ་བློ་སྦྱོང་དང་བློ་སྟོབས་གཅིག་སྒྲིལ་གྱི་བྱ་གཞག་གལ་ཆེན་ཞིག་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་ཚེས་14ཉིན་འཚོགས་པའི“དབང་གྲགས་སྡེ་ཚན་གྱིས་འགོ་འཛུགས་གླེང་བའི”བརྗོད་དོན་གཙོ་བོའི་རིམ་སྤེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར། རིག་གནས་དང་ཡུལ་སྐོར་པུའི་པུའུ་ཀྲང་གཞོན་པ་ལུའུ་དབྱིང་ཁྲོན་གྱིས། 2023ལོར་རྒྱལ་ཡོངས“གྲོང་གསེབ་ཀྱི་རིག་རྩལ་མཚན་ཚོགས”དཔེ་སྟོན་འགྲེམས་སྟོན་བྱེད་སྒོ་ཐེངས་ཁྲི་2ལྷག་ཙམ་སྤེལ་བར་མི་ཐེངས་དུང་ཕྱུར་1.3ཙམ་ཞུགས་པ་རེད། ད་ལོའི་ཟླ་དང་པོ་ནས་བཅུ་གཅིག་བར་རིག་གནས་དང་ཡུལ་སྐོར་པུའུ་ཡིས་འཁྲབ་སྟོན་དང་འགྲེམས་སྟོན་བྱེད་སྒོ་ཁག་27སྤེལ་བར། དྲ་ཕྱིར་ལྟད་མོ་བ་མི་ཐེངས་ཁྲི་90དང་དྲ་ཐོག་གི་ལྟད་མོ་བ་མི་ཐེངས་དུང་ཕྱུར་18ཡན་ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   རིག་གནས་དང་དཔལ་འབྱོར་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད། རིག་གནས་ཐོན་ལས་གཙོ་གནད་རྣམ་གྲངས་ཀྱིས་སྐུལ་ཁྲིད་བྱེད་པའི་འཐབ་ཇུས་ལག་ལེན་བསྟར་བ་དང་ལས་རྣམ་གསར་པ་དང་དཔེ་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ནས། འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་འཁྲབ་སྟོན་གྱི་སྤ་སེའི་ལས་དོན་དང་འཁྲབ་གཞུང་གི་རོལ་རྩེད་སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱས་པར་རིག་གནས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ལས་གཉེར་རང་བཞིན་གྱི་འཁྲབ་སྟོན་ཐེངས་ཁྲི་34.2བྱས་པར་སྤ་སེའི་ཡོང་འབབ་སྒོར་དུང་ཕྱུར་315.4དང་ལྟད་མོ་བ་མི་ཐེངས་དུང་ཕྱུར་1.11ཟིན་པ་སོ་སོར་2019ལོའི་དུས་མཚུངས་ལས་121.0%དང་། 84.2% 188.5%བཅས་འཕར་བ་རེད།

  • 顶