སོ་ཏི་ཨ་རབ་ཀྱིས་གཙོ་ཁྲིད་བྱས་པའི་རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མགྲིན་ཚབ་པ་ཐུའུ་ཨེར་ཅི·མ་ལི་ཅི་ཡིས་ཚེས5ཉིན་གྱི་དགོང་མོར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་བཤད་རྒྱུར། རྒྱལ་ཁབ་མང་པོའི་མཉམ་འབྲེལ་དམག་གི་མཚོ་དམག་དཔུང་སྡེས་ཡེ་མིན་ཧི་ཐའེ་ཏ་ཞིང་ཆེན་དུ་དམག་དོན་བྱ་སྤྱོད་སྤེལ་ནས། ཡེ་མིན་ཧུའུ་སའེ་དྲག་ཆས་ཀྱི་དམག་དོན་དམིགས་འབེན་མང་པོ་རྩ་མེད་དུ་བཏང་སྟེ། རྒྱ་མཚོ་དམར་པོའི་ལྷོ་རྒྱུད་ཀྱི་ཆུ་ལམ་ལ་དམིགས་ནས་འཇབ་རྒོལ་བྱེད་པའི་རེ་ངན་ཕམ་ཉེས་སུ་བཏང་ཡོད་ཟེར།
མ་ལི་ཅི་ཡིས་བསྟན་དོན། ཐེངས་འདིའི་བྱ་སྤྱོད་ཀྱིས་ཧུའུ་སའེ་དྲག་ཆས་ཀྱི་མཚོན་ཆའི་མཛོད་དང་དེ་མིན་འབར་གས་དངོས་རྫས་འཇོག་སའི་སྒྲིག་ཆས་རྩ་མེད་དུ་བཏང་ཡོད། ཁོས་ཐེངས་འདིའི་འགུལ་སྐྱོད་ཀྱི་དམིགས་ཡུལ་ནི་མན་ཏི་མཚོ་འགག་གི་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན་ཟེར།
འཕྲིན་སྟེགས། weikangba