དབྱི་ལང་གིས་ཉིག་ཡའོ་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་མེད་པའི་ཚུལ་བསྟན།

2026-09-30
306

དབྱི་ལང་སྨྱན་བྱད་ཀྱིས་ཚེས28ཉིན་བསྒྲགས་པ་ལྟར་ན། དབྱི་ལང་འཐུས་ཚབ་ཚོགས་པས་ཉིག་ཡའོ་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་པའི་འཆར་གཞི་མེད་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱི་ལང་གི་འཐུས་ཚབ་ཚོགས་པ་ཐེངས་འདིར་ཉིག་ཡའོ་རུ་སོང་བའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་ཞུགས་ཆེད་ཡིན་པ་དང་། འཐུས་ཚབ་ཚོགས་པའི་གྲོས་རིམ་ནང་ཨ་མེ་རི་ཁའི་བར་སྐོར་ཐེངས་གསར་བའི་གྲོས་མོལ་བྱེད་པའི་འཆར་གཞི་འདུས་མེད་ཟེར། དབྱི་ལང་གི་ཕྱི་འབྲེལ་བློན་ཆེན་གྱིས་གཏན་འཁེལ་བྱས་པའི་འགྲུལ་བཞུད་ཡོངས་འགྲུབ་བྱས་རྗེས། ཚེས29ཉིན་ཕྱི་རྒྱལ་ནང་དུ་ལོག་རྒྱུ་རེད་ཟེར།

འབྲེལ་ཡོད་མི་སྣས་བསྟན་དོན། དབྱི་ལང་གིས་གཟའ་འཁོར་སྔོན་མར་བར་འདུམ་མཁན་ཁཱ་ཐར་བརྒྱུད་དེ། ཨ་མེ་རི་ཁའི་ཕྱོགས་ལ་རང་གི་ལངས་ཕྱོགས་དང་སེམས་ཁུར་གསལ་བོར་བཤད་ཡོད་པ་དང་། མིག་སྔར་དབྱི་ལང་གིས་ཨ་མེ་རི་ཁ་ཕྱོགས་ཀྱི་ལན་ལ་སྒུག་ཡོད་ཟེར།

ཨ་མེ་རི་ཁའི་སྲིད་འཛིན་ཐི་ལིང་ཕུའུ་ཡིས་ཚེས27ཉིན་བསྟན་དོན། ཁོས་ཚོད་དཔག་བྱས་ན་ཨ་མེ་རི་ཁ་དང་དབྱི་ལང་གིས་རྗེས་ཀྱི་གཟའ་འཁོར་གཅིག་གི་ནང་གྲོས་མོལ་སླར་གསོ་བྱེད་ཐུབ་ངེས་རེད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶