དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་མུའུ་ཅེ་ཐཱ་པཱ་ཡིས་ཚེས28ཉིན་བསྟན་དོན། དབྱི་ལང་གི་དགྲ་བོས་སླར་གསོ་བྱེད་འདོད་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དབྱི་ལང་གི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་དུས་རབས་དེ་དུས་གཏན་དུ་མཇུག་སྒྲིལ་ཡོད་པ་དང་། དབྱི་ལང་ད་ལྟ་སྒེར་ཚུགས་དང་སྟོབས་ལྡན་དུ་གྱུར་ཡོད་ཟེར།
མུའུ་ཅེ་ཐཱ་པཱ་ཡིས་ལེ་པཱ་ནུན་གྱི་ཀྲིན་ཀྲུའུ་ཏང་གི་སྔོན་ཆད་ཀྱི་འགོ་ཁྲིད་པ་ཧཱ་སིང་ནཱ་སི་ལུའུ་ལཱ་སྐུ་གཤེགས་ནས་ལོ་གཉིས་འགོར་བའི་སྐབས་སུ་ཡིག་ཐོག་གི་ཞུ་ཚིག་ཕུལ། མུའུ་ཅེ་ཐཱ་པཱ་ཡིས་དབྱི་ལང་གི1979ལོའི་དབྱི་སི་ལན་གསར་བརྗེ་ལ་རྒྱལ་ཁ་ཐོབ་པའི་ཐོག་མའི་གནས་ཚུལ་དང་ད་ལྟའི་གནས་བབ་གཤིབ་བསྡུར་བྱས་པ་དང་། དབྱི་ལང་ལ་སྔོན་ཆད་ཚད་ཡོད་པའི་རང་སྲུང་བྱེད་ཐབས་ཙམ་ལས་མེད་ཀྱང་། ད་ལྟ་དགྲ་བར་རྒོལ་བའི་ནུས་པ་ཡོད་པར་མ་ཟད། གོང་འཕེལ་དང་སྒེར་ཚུགས་སུ་གྱུར་བ་དང་དབྱི་སི་ལན་རྒྱལ་ཁབ་ནང་གི་གོ་གནས་བཅས་ཀྱི་ཐད་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།
མུའུ་ཅེ་ཐཱ་པཱ་ཡིས་བཤད་རྒྱུར། དགྲ་བོས་རེ་བ་བྱེད་པའི་འདས་སོང་གི་ལོ་ཟླ་ཡང་བསྐྱར་གཏན་ནས་འབྱུང་མི་སྲིད་ཅིང་། སྔོན་ཆད་དབྱི་ལང་ལ་དབང་བསྒྱུར་བྱེད་འདོད་པའི་སྟོབས་ཤུགས་དེ་དག་གིས་ད་ལྟ་དབྱི་ལང་གི་དམག་དོན་སྟོབས་ཤུགས་ལ་གདོང་མི་གཏོད་ཀ་མེད་བྱུང་ཡོད། ལོ་ངོ་བཅུའི་ཡར་སྔོན་དང་བསྡུར་ན། དབྱི་ལང་གི་རྒྱལ་སྤྱིའི་ནུས་པ་དེ་རྩ་བ་ནས་འགྱུར་ལྡོག་བྱུང་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba