ཨུ་རུ་སིའི་དམག་དཔུང་གིས་ཝུའུ་ཁི་ལན་གྱི་དམག་དཔུང་གི་དངོས་སྐྱེལ་འཕྲིན་གཏོང་སྒྲིག་ཆས་དང་གྲུ་གཟིངས་ལ་ཆམ་ཕབ་བཏང་།

2026-09-30
387

ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡིས་ཚེས28ཉིན་སྤྱི་བསྒྲགས་སྤེལ་ཏེ། ཨུ་རུ་སིའི་དྲག་ཆས་དམག་དཔུང་གིས་ཚེས27ཉིན་གྱི་དགོང་མོ་ནས་ཚེས28ཉིན་གྱི་ཞོགས་པའི་བར་མི་མེད་གནམ་གྲུ་བཀོལ་ནས་ཝུའུ་ཁི་ལན་གྱི་དམག་དཔུང་ལ་ཞབས་འདེགས་ཞུ་བའི་དངོས་སྐྱེལ་དང་འཕྲིན་གཏོང་ལྟེ་གནས་དང་། གྲུ་ཁའི་རྨང་གཞིའི་སྒྲིག་ཆས། དེ་མིན་གྲུ་གཟིངས་བཅས་ལ་ཆམ་ཕབ་བཏང་ཟེར།

སྤྱི་བསྒྲགས་ལས་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གིས་ཅི་ཧྥུའུ་ཡི་ཁེ་ལས་ཆེ་གྲས་གཉིས་ཀྱི་གཞི་གྲངས་ཐག་གཅོད་ལྟེ་གནས་ལ་ཆམ་ཕབ་བཏང་བ་དང་། དེས་ཝུའུ་ཁི་ལན་གྱི་དྲག་ཆས་དམག་དཔུང་ལ་མྱུར་ཚད་མཐོ་བའི་མཉམ་འབྲེལ་དྲ་རྒྱའི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། གསང་འཕྲིན་གཞི་གྲངས་གསོག་འཇོག་གི་བྱ་བའི་འགན་ཁུར་ཡོད་པའི་མི་ཚད། ཅི་ཧྥུའུ་གྲོང་ཁྱེར་དུ་ཝུའུ་ཁི་ལན་གྱི་དམག་དཔུང་གིས་བེད་སྤྱོད་བྱེད་པའི་འབར་རྫས་ཀྱི་རྨང་གཞིའི་སྒྲིག་ཆས་དང་ཅི་ཧྥུའུ་མངའ་སྡེའི་ཝ་ཞི་ལི་ཁི་ཧྥུའུ་དམག་བཀོལ་གནམ་གྲུ་ཐང་གི་རྨང་གཞིའི་སྒྲིག་ཆས་དང་འབྲེལ་ཡོད་དམིགས་འབེན་འདོན་སྤྲོད་བྱས་ཡོད་ཟེར།

སྤྱི་བསྒྲགས་ལྟར་ན། ཝུའུ་ཁི་ལན་ལྷོ་ཕྱོགས་ཀྱི་ཨོ་ཏི་སཱ་མངའ་སྡེའི་དབྱེ་ཙི་མཱེ་ཨར་གྲུ་ཁའི་གྲུ་གཟིངས་ཆེ་གྲས་ཀྱི་ཞིག་གསོའི་ཁེ་ལས་དང་། བཟོ་གྲྭའི་ནང་ཁུལ་གྱི་ཝུའུ་ཁི་ལན་རྒྱལ་ཁབ་མཐའ་སྲུང་ཅུས་ཀྱི་བཅའ་སྡོད་བྱེད་སར་ཆམ་ཕབ་བཏང་བ་དང་། དེ་ལས་གཞན་ཨོ་ཏི་སཱ་ས་ཁུལ་གྱི་དེའི་སྔོན་ཝུའུ་ཁི་ལན་གྱི་དམག་དཔུང་གི་དངོས་རྫས་འཇོག་སར་བཀོལ་བའི་དངོས་སྐྱེལ་ལྟེ་གནས་ཤིག་ལའང་ཆམ་ཕབ་བཏང་ཡོད་པ་རེད།

སྤྱི་བསྒྲགས་ལས་ད་རུང་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གི་མི་མེད་གནམ་གྲུས་ཨོ་ཏི་སཱ་གྲུ་ཁར་དམག་བཀོལ་དངོས་རྫས་སྐྱེལ་འདྲེན་བྱེད་པའི་གྲུ་གཟིངས་ཤིག་ལ་ཆམ་ཕབ་བཏང་བ་དང་། ཨོ་ཏི་སཱ་མངའ་སྡེའི་ཆེ་ཨར་ནོའུ་མའོ་སི་ཁི་གྲུ་ཁའི་ཝུའུ་ཁི་ལན་གྱི་དམག་དཔུང་གི་སྒྲིག་ཆས་དང་དམག་དམངས་གཉིས་བཀོལ་གྱི་དངོས་རྫས་དྲུད་པའི་གྲུ་གཟིངས་ཤིག་ལའང་ཆམ་ཕབ་བཏང་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།



  • 顶