ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་རེ་བཞིན་ཡོད།

2026-09-30
301

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གཙོ་སྒྲུབ་བྱས་པའི་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ཨ་ཧྥེ་རི་ཁ་གླིང་ས་ཁོངས་ཀྱི་ནུས་པའི་འཛུགས་སྐྲུན་གྱི་དཔྱད་གླེང་ཚོགས་འདུ་ཚེས28ཉིན་ཨ་ཧྥེ་རི་ཁ་ལྷོ་མའི་ཡའོ་ཧན་ནེ་སི་པའོ་ནས་ཚོགས་མགོ་བརྩམས། ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ16ནས་ཡོང་བའི་འཐུས་མིས་ཞིང་ལས་རིག་གནས་ཤུལ་བཞག་གི་དངོས་འཛིན་དང་། སྲུང་སྐྱོབ་འགུལ་སྐྱོད་འཆར་གཞིའི་གཏན་འབེབས། དངུལ་གསོག་སོགས་ཀྱི་གྲོས་གཞིར་དམིགས་ནས་དཔྱད་བསྡུར་བྱས་པ་དང་། ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པར་རེ་སྒུག་བྱེད་བཞིན་ཡོད།

འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཨ་ཧྥེ་རི་ཁ་གླིང་ལྷོ་མའི་ས་ཁོངས་ཀྱི་མཐུན་སྦྱོར་བ་ཕཱ་ཐི་ལི་སི་ཐཱ་ལཱ་ཡིས་མགོ་རྩོམ་པའི་མཛད་སྒོའི་སྟེང་བསྟན་དོན། ཨ་ཧྥེ་རི་ཁ་གླིང་ལ་ཕུན་སུམ་ཚོགས་པའི་ཞིང་ལས་རིག་གནས་ཤུལ་བཞག་ཡོད་ཅིང་། ཞིང་ལས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པར་ས་དེའི་སྡེ་ཁུལ་དཀྱིལ་སྙིང་དུ་བྱེད་དགོས་ལ། ལག་བསྟར་ཆོག་པའི་སྲོལ་རྒྱུན་གྱི་ལག་ལེན་སོར་འཇོག་བྱེད་པ་དང་སྲིད་ཇུས་དང་ལས་ཁུངས། མ་དངུལ་བཅས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ཤུལ་བཞག་གི་ངོས་འཛིན་དེ་རྒྱུན་མཐུད་ཀྱི་འགུལ་སྐྱོད་ལ་བསྒྱུར་དགོས། ཐེངས་འདིའི་དཔྱད་གླེང་ཚོགས་འདུ་ནས་རྒྱལ་ཁབ་སོ་སོས་རྒྱུན་མཐུད་བརྗེ་རེས་དང་ཕན་ཚུན་རྒྱབ་སྐྱོར་བྱེད་པའི་ཨ་ཧྥེ་རི་ཁ་གླིང་གི་མཉམ་ལས་དྲ་རྒྱ་འཛུགས་པར་སྐུལ་འདེད་གཏོང་བར་རེ་བ་བྱེད་བཞིན་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ནགས་ལས་དང་ཉ་གསོ་ལས་རིགས། ཁོར་ཡུག་པུའུ་བཅས་ཀྱི་ནགས་ལས་ཚོང་གཉེར་གྱི་དབུ་བཞུགས་ཟི་ཀྲང་ལའེ་སེ་ཁའེ་ཡིས་བསྟན་དོན། ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་ལས་རྒྱལ་ཁབ་སོ་སོའི་ཉམས་མྱོང་དཔེར་ལེན་བྱས་ཏེ། འབྲུ་རིགས་དང་ཞིང་ལས་རྩ་འཛུགས། དེ་མིན་གྲོགས་པོ་གཞན་པའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། སྡེ་ཁུལ་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐོན་ཁུངས་དོ་དམ་ནུས་པ་མཐོར་འདེགས་བྱེད་པའི་ནུས་ལྡན་ཐབས་ལམ་འཚོལ་ཞིབ་བྱེད་པར་རེ་སྒུག་བྱས་ཡོད་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འགོ་བ་ཏུའུ་ལོས་ཡིས་བསྟན་དོན། ཞིང་ལས་རིག་གནས་ཤུལ་བཞག་ལ་འདུས་པའི་སྲོལ་རྒྱུན་བློ་གྲོས་དང་སྐྱེ་ཁམས་འདུ་ཤེས་ལས་ཞིང་ལས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་གྲོང་གསེབ་ཀྱི་དར་སྤེལ་ཐད་མ་དཔེ་བཟང་བོ་འདོན་སྤྲོད་བྱས་ཡོད་ཟེར། ཀྲུང་གོ་ཡིས་སྲོལ་རྒྱུན་གྱི་རྨོ་ཞིང་དཔལ་ཡོན་གྱི་སྲུང་སྐྱོབ་དང་རྒྱུན་འཛིན། བེད་སྤྱོད། གསར་གཏོད་བཅས་ལ་མཐོང་ཆེན་བྱེད་པ་དང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ལས་གཞི་ལག་བསྟར་ཐད་རྒྱབ་སྐྱོར་བྱེད་ལ། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་བར་གྱི་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བྱས་ནས། མཉམ་དུ་ཞིང་ལས་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་འདོད་ཡོད་ཟེར།

ཐེངས་འདིའི་དཔྱད་གླེང་ཚོགས་འདུའི་ཚོགས་ཡུན་ཉིན3ཡིན་ཞིང་། འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་དྲུང་ཡིག་ཁྲུའུ་ཡིས་རྩ་འཛུགས་བྱས་པ་དང་། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཉམ་ལས་ཡིད་རྟོན་ཐེབས་རྩའི་རོགས་སྐྱོར་ཐོབ་པའི་གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་དུས་སྐབས་གཉིས་པའི་ལས་གཞིའི་རྒྱབ་སྐྱོར་ཐོབ་ཡོད། གྲོས་ཚོགས་དེ་ཆེད་དོན་གསོ་སྦྱོང་དང་ཚན་ཁག་བགགོས་ནས་གྲོས་བསྡུར་བྱེད་པ་ཟུང་འབྲེལ་གྱི་ཐབས་ལམ་སྤྱད་ཡོད་ལ། ཚོགས་ཞུགས་འཐུས་མི་དག་གིས་མི་མངོན་པའི་ཞིང་ལས་རིག་གནས་ཤུལ་བཞག་ས་ཁུལ་ངོས་ཟིན་པ་དང་། རེ་ཞུའི་མ་ཡིག་དང་སྲུང་སྐྱོབ་འགུལ་སྐྱོད་འཆར་གཞི་འཐུས་ཚང་དུ་གཏོང་བར་རོགས་རམ་བྱེད་རྒྱུ་རེད།

འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། གོ་ལ་ཧྲིལ་བོའི་ཞིང་ལས་རིག་གནས་ཤུལ་བཞག་གལ་ཆེན་གྱི་ལས་གཞི་དེ་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས2002ལོར་སྤེལ་བ་དང་། མིག་སྔར་གོ་ལ་ཧྲིལ་བོའི་རྒྱལ་ཁབ29ཡི་བསྡོམས་པས་ཞིང་ལས་མ་ལག104ལ་ངོས་འཛིན་ཁས་ལེན་ཐོབ་ཡོད་ལ། དེའི་ནང་ཨ་ཧྥེ་རི་ཁ་གླིང་དུ་གནས་བཞི་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶