ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་འཇིགས་སྐུལ་ཉེས་ཅན28བསད།

2026-09-29
352

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས27ཉིན་གསལ་སྒྲོག་སྤེལ་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་གིས་ཤར་ངོས་ཀྱི་ནོའུ་ལི་སི་ཐན་ཞིང་ཆེན་དུ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་ཁོངས་མི་འདུས་པའི་འཇིགས་སྐུལ་ཉེས་ཅན28བསད་པ་དང་། མི32འཛིན་བཟུང་བྱས་ཡོད་ཟེར།

གསལ་སྒྲོག་ལས་མི་དེ་དག་གིས་དེའི་སྔོན་ཕྱི་རྒྱལ་ནས་དུས་ཡུན་ཐུང་ངུའི་དམག་དོན་སྦྱོང་བརྡར་བྱས་མྱོང་བ་དང་། དེའི་རྗེས་སུ་ནོའུ་ལི་སི་ཐན་ཞིང་ཆེན་དུ་ཡོང་ནས་ས་དེའི་བདེ་འཇགས་གནས་བབ་ལ་གཏོར་བརླག་གཏོང་རྩིས་བྱས་པ་རེད། ཐེངས་འདིའི་འགུལ་སྐྱོད་ཁྲོད། མི་མང་བོ་ཨ་ཧྥུའུ་ཧན་ནས་ཕྱིར་བྲོས་བྱོལ་བྱས་ཡོད་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶