ཧྥུན་ལན་གྱི་སྲིད་འཛིན་བཞུགས་ཤག་གིས་ཚེས21ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥུན་ལན་དང་ནོར་ཝེ་སོགས་རྒྱལ་ཁབ་མང་བོའི་སྲིད་གཞུང་དང་། ཡོ་རོབ་གླིང་མནའ་འབྲེལ་ལས་ཁུངས་ཀྱི་འགོ་ཁྲིད་པས་མཉམ་འབྲེལ་སྒོས་རྒྱལ་སྤྱིའི་གྲོས་འགོ་བཏོན་ནས། གོ་ལ་ཧྲིལ་བོས་མདུན་གྲལ་གྱི་མི་ཐབས་རིག་ནུས་ཀྱི་བཅོས་སྐྱོང་དང་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་བྱས་ཏེ། མི་ཐབས་རིག་ནུས་ཀྱི་ལག་རྩལ་ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱིས་ཚོད་འཛིན་ཐུབ་པའི་ཁྱབ་ཁོངས་སུ་གནས་པར་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།
མིང་ལ་མདུན་གྲལ་གྱི་མི་ཐབས་རིག་ནུས་རྣམ་པར་དོ་དམ་བྱེད་པའི་འབོད་སྐུལ་ཞེས་པ་དེ་ནི་ཧྥུན་ལན་གྱི་སྲིད་འཛིན་སི་ཐུའུ་པུའུ་དང་། ནོར་ཝེའི་དབུ་བཞུགས་བློན་ཆེན་སི་ཐི་ལེ་གཉིས་ཀྱིས་མཉམ་དུ་བཏོན་པ་ཡིན་ཞིང་། མིག་སྔར་རྒྱལ་ཁབ་ཉི་ཤུ་དང་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་པའི་རྒྱབ་སྐྱོར་ཐོབ་ཡོད། མིག་སྔར་གྲོས་འདོན་དེ་རྒྱལ་ཁབ་གཞན་པའི་འགོ་ཁྲིད་ཀྱིས་མིང་འགོད་དུ་འཇུག་བཞིན་ཡོད།
གྲོས་འདོན་དེ་ལས་བསྟན་དོན། མི་ཐབས་རིག་ནུས་ནི་ཆེས་སྟོབས་དང་ལྡན་པའི་ལག་རྩལ་ཅིག་ཡིན་ཞིང་། དམངས་འཚོ་ལེགས་བཅོས་དང་ཚན་རིག་གོང་འཕེལ། གོ་ལ་ཧྲིལ་བོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྦས་ཤུགས་ལྡན་ཡང་། ཞོར་དུ་མདུན་གྲལ་གྱི་མི་ཐབས་རིག་ནུས་རྣམ་པ་དེའི་མགྱོགས་མྱུར་འཕེལ་རྒྱས་ལ་དོ་དམ་འོས་འཚམ་མ་བྱས་ན། བདེ་འཇགས་ཐད་ཉེན་ཁ་ཆེན་པོ་བཟོ་སྲིད་ཟེར།
གྲོས་འདོན་ལས་ནན་གྱིས་བསྟན་དོན། མི་ཐབས་རིག་ནུས་དེ་ངེས་པར་དུ་མིའི་རིགས་ཀྱིས་ཁྲིད་སྟོན་དང་ལྟ་རྟོག དོ་དམ་ཚོད་འཛིན་བྱེད་དགོས་ལ། དེའི་གསར་སྤེལ་དང་བེད་སྤྱོད་སོགས་རྒྱལ་སྤྱིའི་བཅའ་ཁྲིམས་དང་འཚམ་དགོས།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba