རུ་ཝང་ཏཱ་དང་པུ་ལི་ཧྲི་ཡིས་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

2026-09-24
445

རུ་ཝང་ཏཱ་དང་པུ་ལི་ཧྲིའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས22ཉིན་མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ཆོད་དོན་དེ་ནི་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཉེ་བའི་ཟླ་ངོ་འགའི་ནང་གྲོས་ཚོགས་རབ་དང་རིམ་པའམ་དངོས་གཞི་མིན་པའི་འབྲེལ་འདྲིས་བྱས་རྗེས་བཏོན་པ་རེད། དེའི་སྐབས་སུ་ཕྱོགས་གཉིས་ཀྱིས་འཛུགས་སྐྲུན་རང་བཞིན་གྱི་སྙིང་སྟོབས་བཟུང་ནས་འགལ་བ་མང་བོ་ཐག་གཅོད་བྱས། རྒྱལ་ཁབ་གཉིས་ཀྱིས་སྒོ་འབྱེད་དང་ལྷག་བསམ་རྣམ་དག མངོན་གསལ་བཅས་ཀྱི་གྲོས་མོལ་སྲུང་འཛིན་བྱེད་པ་དང་། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པ། ཕན་ཚུན་ལ་བརྩི་འཇོག་བྱེད་པ། འཛུགས་སྐྲུན་རང་བཞིན་ལྡན་པའི་འབྲེལ་འདྲིས་སོགས་ཀྱི་རྩ་དོན་ལ་གྲོས་འཆམ་བྱུང་། གསལ་སྒྲོག་ལས་ད་རུང་ཁཱ་ཐར་དབང་འཛིན་ལས་ཁུངས་ཀྱིས་འབྲེལ་ཐག་ཆད་རྗེས་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས2025ལོའི་ཟླ6པར་ཏའོ་ཧཱ་ནས་གྲོས་མོལ་ཐོག་མ་སྤེལ་བར་སྐུལ་འདེད་བར་བཀའ་དྲིན་ཞུས།

གསལ་སྒྲོག་ལས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཞུང་ཚབ་ཁང་ཉེ་སྔོན་ཡང་བསྐྱར་སྒོ་འབྱེད་བྱེད་རྒྱུ་ཡིན། གཞུང་ཚབ་ཁང་སོ་སོར་གནས་སྐབས་ཀྱི་ཚབ་སྒྲུབ་པས་འགན་ཁུར་དུ་འཇུག་པ་དང་། ཕྱི་འབྲེལ་དང་གཞུང་ཚབ་གྱི་དཔོན་རིགས་གཅིག་དང་ལག་རྩལ་རྒྱབ་སྐྱོར་ཚོགས་པ་ཆུང་ཆུང་ཞིག་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། ཕྱོགས་གཉིས་ཀྱིས་དེའི་རྗེས་སུ་གཞུང་ཚབ་ཆེན་མོ་རིམ་པའི་བསྐོ་འཇོག་ཆོག་མཆན་ཡི་གེ་སྤྲད་པ་དང་། དེའི་ནང་རུ་ཝང་ཏཱ་སྤྱི་མཐུན་རྒྱལ་ཁབ་ཀྱི་པུ་ལི་ཧྲི་རུ་སྡོད་པའི་གཞུང་ཚབ་པས་ཞོར་དུ་ཡོ་རོབ་གླིང་མནའ་འབྲེལ་དུ་སྡོད་པའི་འཐུས་མིའི་འགན་ཡང་ཁུར་རྒྱུ་རེད་ཟེར།

པུ་ལི་ཧྲིའི་དབུ་བཞུགས་བློན་ཆེན་གཞོན་པའམ་ཕྱི་འབྲེལ་བློན་ཆེན་ཕུའུ་ལོས་ཨོ་ཡིས་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་བལྟས་ན་མ་ལག་རང་བཞིན་ལྡན་པའི་གྲོས་མོལ་སྤེལ་བར་གལ་འགངས་ཧ་ཅང་ཆེ་བ་དང་། དེའི་ནང་ཁོང་གོ་ཅིན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་སོགས་འགལ་བའི་རྩོད་གཞིའི་ཐད་ནས་གྲོས་མོལ་སྤེལ་བ་སོགས་འདུས་དགོས་པར་འདོད། ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་ལས་པུ་ལི་ཧྲི་ཡིས་རང་སྟེང་གི་ལངས་ཕྱོགས་བསྐྱུར་བའི་རྟགས་མིན་ཟེར།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶