པཱ་ཞིའི་སྲིད་འཛིན་ལུའུ་ལཱ་ཡིས་ཚེས22ཉིན་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་གྱ་གཅིག་པའི་སྤྱིར་བཏང་གི་དཔྱད་གླེང་ཚོགས་འདུ་མགོ་རྩོམ་པའི་མཛད་སྒོའི་སྟེང་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་ཀྱི་བདག་དབང་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་ཁབ་གཞན་པའི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་བསྐྱར་བསྒྲགས་བྱས།
ལུའུ་ལཱ་ཡིས་གཏམ་བཤད་སྤེལ་སྐབས་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ངེས་པར་དུ་མིའི་རིགས་ཀྱི་མ་འོངས་པའི་ཐག་གཅོད་རང་བཞིན་གྱི་གྲོས་གཞིར་གྲོས་བསྡུར་ཟབ་མོ་བྱེད་དགོས་པ་དང་། ཕྱོགས་མང་རིང་ལུགས་དང་གཅིག་རྐྱང་རིང་ལུགས་བར་ལ་བདག་དབང་དང་ཁས་ལེན་གང་རུང་གདམ་གསེས་བྱེད་དགོས་ཟེར།
ལུའུ་ལཱ་ཡིས་བསྟན་དོན། པཱ་ཞི་ཡིས་གྲོས་རིམ་བཟང་བོ་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ལས་གྲོགས་པོར་འབད་འབུངས་བྱེད་དགོས་པར་མ་ཟད། པཱ་ཞི་བློ་བརྟན་འགྱུར་མེད་ཀྱིས་རང་བདག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་། སྒེར་ཚུགས་ཀྱིས་རྒྱལ་ཁབ་ཀྱི་ལས་དབང་ཐག་གཅོད་བྱེད་རྒྱུ་ཡིན་པ་བསྐྱར་བསྒྲགས་བྱས།
མིག་སྔའི་རྙོག་འཛིང་གི་རྒྱལ་སྤྱིའི་ས་ཁུལ་བར་གྱི་ཆབ་སྲིད་གནས་བབ་ལ་དམིགས་ནས་ལུའུ་ལཱ་ཡིས་ནན་གྱིས་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་བར་ཁྱད་དེ་ས་ཁོངས་གཞི་གཅིག་ཅན་དང་ཁྱིམ་མཚེས་རྒྱལ་ཁབ་བར་མཉམ་ལས་བྱེད་པའི་བཀག་རྒྱ་རུ་འགྱུར་མི་རུང་ཟེར། ཁོས་ད་རུང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ནང་ཁུལ་ལས་དོན་ལ་ཐེ་གཏོགས་བྱེད་པར་ཚད་མཐོས་དོགས་ཟོན་བྱེད་དགོས་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba