ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས15ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་འཁྲུག་རྩོད་མཇུག་སྒྲིལ་བར་རེ་བཞིན་ཡོད་པ་དང་། ཝུའུ་ཁི་ལན་གྱི་གནད་དོན་ཐད་ནས་གྲོས་མོལ་བྱེད་པའི་གྲ་སྒྲིག་གང་ལེགས་བྱས་ཡོད་ལ། ཨུ་རུ་སིའི་ཕྱོགས་ཀྱིས་གྲོས་མོལ་འཕེལ་རིམ་དེར་འགོར་འགྱངས་དང་རྙོག་འཛིང་ཅན་དུ་གཏོང་འདོད་གཏན་ནས་མེད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁོ་ནས་ཕྱི་རྒྱལ་གྱི་གཞུང་ཚབ་ཆེན་མོའི་སྒོར་ཅོག་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གནད་དོན་ཐད་ནས་གྲོས་མོལ་མི་བྱེད་པའི་ཚུལ་བསྟན་མྱོང་མེད་པ་དང་། ཕྱོགས་གཉིས་དང་ཕྱོགས་གསུམ་གྱི་གྲོས་མོལ་སྤེལ་འདོད་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་ཨ་མེ་རི་ཁས་བར་འདུམ་ལ་སྐུལ་འདེད་གཏོང་བར་དགའ་བསུ་བྱེད་བཞིན་ཡོད་ཟེར།
ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ད་རུང་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཁའ་འགྲུལ་ཐད་ནས་བཀག་རྒྱ་ཆེན་པོ་བཟོས་པས། ཨུ་རུ་སི་ཡིས་དངོས་སྐྱེལ་མ་ལག་ལེགས་སྒྲིག་བྱས་ཏེ། མཉམ་ལས་གྲོགས་པོར་རྡོ་སྣུམ་དང་འབྲུ་རིགས་འདོན་སྤྲོད་བྱེད་པའི་འགན་འཁྲི་ལག་བསྟར་བྱེད་བཞིན་ཡོད་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba