ཝེ་ནེ་ཙུའེ་ལཱ་དང་དབྱིན་ཇིའི་སྲིད་གཞུང་གིས་ཚེས15ཉིན་རྒྱལ་ཁབ་གཉིས་ཀྱི་ཕྱི་ཕྱོགས་འབྲེལ་བར་ཤུགས་སྣོན་བྱེད་རྒྱུ་ཁྱབ་བསྒྲགས་བྱས།
ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་དང་ཕྱི་ཕྱོགས་ཉོ་ཚོང་པུའུ་ཀྲང་ཕུའུ་ལཱ་སིན་ཞི་ཡཱ་ཡིས་སྨྱན་བྱད་བརྒྱུད་དེ་སྲིད་གཞུང་གི་སྤྱི་བསྒྲགས་སྤེལ་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གྲོས་མོལ་བྱས་པ་བརྒྱུད། ཝེ་ནེ་ཙུའེ་ལཱ་དང་དབྱིན་ཇི་ཕྱོགས་གཉིས་ཀྱི་འབྲེལ་བ་མཐོར་འདེགས་གཏོང་བར་གཅིག་གྱུར་གྲོས་འཆམ་བྱུང་ཡོད་ཟེར།
དབྱིན་ཇིའི་ལཱ་ཏེན་མེ་གླིང་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲིད་བློན་ཆེན་གཞོན་པ་ཨེ་ཨར་མའོ་ཨར་གྱིས་ཉིན་དེར་གྲོས་ཁང་ལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གཉིས་ཀྱིས་ཕྱི་ཕྱོགས་འབྲེལ་བར་ཤུགས་སྣོན་བྱས་ནས་གཞུང་ཚབ་རིམ་པར་མཐོར་འདེགས་གཏོང་བར་འཐད་པ་བྱུང་ཡོད་ཟེར།
དབྱིན་ཇིའི་སྲིད་གཞུང་གིས་སྔོན་ཆད་ཝེ་ནེ་ཙུའེ་ལཱ་ཡི་ངོ་རྒོལ་ཕྱོགས་ཁག་བཀའ་དབྱེ་ཏའོ་གནས་སྐབས་སྲིད་གཞུང་ཁས་ལེན་བྱས་པའི་དབང་གིས་ཝེ་ནེ་ཙུའེ་ལཱའི་བར་གྱི་འབྲེལ་བ་བསྟུད་མར་ཛ་དྲག་ཏུ་གྱུར། 2021ལོར་དབྱིན་ཇི་ཡིས་སྲིད་གཞུང་དྲ་ཚིགས་སྟེང་སྤེལ་བའི་ཡིག་ཆ་ཞིག་ལས་མངོན་པ་ལྟར་ན། ལོ་དེའི་ཟླ6པར་ལོས་པེ་ཁཱ་པེ་ཅིན་ཧན་ཝེ་ནེ་ཙུའེ་ལཱར་སྡོད་པའི་གནས་སྐབས་གཞུང་ཚབ་པར་བསྐོ་འཇོག་བྱས་ཏེ། ལོ་དེའི་ཟླ3པར་ལས་གནས་དང་བྲལ་བའི་གཞུང་ཚབ་ཆེན་མོ་ཨན་ཏི་ལུའུ་སོ་པའོ་ཡི་ཚབ་བྱེད་དུ་བཅུག་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba