ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་ཡིས་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་ལ་ཐུག་འཕྲད་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས།

2026-09-16
411

ཨེ་ཅིབ་ཀྱི་སྲིད་འཛིན་སེ་ཞི་ཡིས་ཚེས15ཉིན་ཁེ་རོ་ནས་འཚམས་འདྲིར་ཡོང་བའི་སོ་ཏི་ཨ་རབ་ཀྱི་རྒྱལ་རྒྱུད་དམ་དབུ་བཞུགས་བློན་ཆེན་མའོ་ཧན་མའོ་ཏི་པིན་སཱ་ལེ་མན་ལ་ལ་ཐུག་འཕྲད་བྱས་པ་དང་། སོ་ཏི་ཨ་རབ་ཀྱིས་རང་སྟེང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པར་མ་ཟད། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱས།

ཨེ་ཅིབ་ཀྱི་སྲིད་འཛིན་བཞུགས་ཤག་གིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨེ་ཅིབ་དང་སོ་ཏི་ཨ་རབ་ཀྱིས་ཧའོ་ཨར་མུའུ་ཙི་མཚོ་འགག་དང་མན་ཏི་མཚོ་འགག མཚོ་དམར་གྱི་འགྲུལ་བཞུད་ལམ་ཐིག་བཅས་ཀྱི་འགྲུལ་བཞུད་རང་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པར་འབད་བཞིན་ཡོད་ཟེར།

སེ་ཞི་ཡིས་བསྟན་དོན། ཨེ་ཅིབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་རང་སྟེང་གི་བདེ་འཇགས་དང་གཏན་འཇགས་ལ་སྲུང་སྐྱོབ་བྱེད་ཆེད་ལག་བསྟར་བྱས་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་པ་དང་། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཡེ་མིན་གྱི་ཉམས་ཉེན་རྩ་བ་ནས་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཨེ་ཅིབ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱི་བདག་དབང་ལ་གནོད་སྐྱེལ་བ་དང་དེའི་གཏན་འཇགས་དང་མངའ་ཁོངས་ཆ་ཚང་ཡོང་བར་འཇིགས་ཉེན་བཟོ་བ། དེ་མིན་རྒྱལ་སྤྱིའི་མཚོ་ཐོག་གི་འགྲུལ་བཞུད་རང་དབང་ལ་འཇིགས་ཉེན་བཟོ་བའི་འཇབ་རྒོལ་བྱ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

མུའུ་ཧན་མའོ་ཏི་པིན་སཱ་ལེ་མན་གྱིས་ཨེ་ཅིབ་ཀྱིས་སོ་ཏི་ཨ་རབ་ཀྱིས་ས་ཁུལ་གྱི་ཆབ་སྲིད་འགྲན་རྩོད་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་རྒྱབ་སྐྱོར་བྱས་པར་གཟེངས་བསྟོད་བྱས།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶