ཨུ་རུ་སིའི་སྲིད་འཛིན་གྱི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས15ཉིན་བསྟན་དོན། ཨུ་རུ་སི་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་སྣང་ཧྲིལ་བོ་ཕྱོགས་ཡོངས་ནས་དམག་དོན་ཅན་མ་ཡིན་པར་བྱེད་པའི་ཐད་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་འབྱུང་བར་རེ་བཞིན་ཡོད་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་མའོ་སི་ཁོ་ནས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སི་ཡིས་མུ་མཐུད་དུ་བར་སྣང་དུ་མཚོན་ཆ་བཀོད་སྒྲིག་མི་བྱེད་པའི་ལངས་ཕྱོགས་ལག་བསྟར་བྱེད་རྒྱུ་ཡིན། མའོ་སི་ཁོ་ཡིས་བལྟས་ན། བར་སྣང་ཁམས་སུ་མཚོན་ཆ་གང་ཡང་མེད་ན་བསམ་བཞིན་ཡོད་ཟེར།
ཨ་མེ་རི་ཁའི་ཝ་ཧྲིན་ཐོན་སྦྲགས་སྲིད་ཚགས་པར་གྱིས་ཚེས14ཉིན་བསྒྲགས་པ་ལྟར་ན། ཨ་མེ་རི་ཁའི་མཁའ་དམག་གི་པུའུ་ཀྲང་མེད་ཡུན་ཁི་ཡིས་ཉིན་དེར་མཱ་ལི་ལན་མངའ་སྡེའི་ནས་སྤེལ་བའི་ལོ་ཧྲིལ་བོའི་མཁའ་འགྲུལ་དང་དྲ་རྒྱའི་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཨ་མེ་རི་ཁར་བར་སྣང་རྒྱུ་ལམ་སྟེང་ཚོད་འཛིན་ཐུབ་པའི་མཚོན་ཆ་ཡོད་ཟེར། བསྒྲགས་པ་ལྟར་ན། དེ་ནི་ཨ་མེ་རི་ཁས་ཐོག་དང་པོར་བར་སྣང་སུ་དཔུང་འཇུག་ནུས་པ་ལྡན་པ་ཁས་ལེན་བྱས་པ་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba