ཨ་ཧྥེ་རི་ཁ་ལྷོ་མར་གསར་སྤེལ་དངུལ་ཁང་གསར་བའི་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་ཐོབ་ནས་རྨང་གཞིའི་སྒྲིག་ཆས་རིམ་སྤོར་བྱེད་པའི་ཐད་བཀོལ་རྒྱུ་རེད།

2026-09-16
329

ཨ་ཧྥེ་རི་ཁ་ལྷོ་མའི་ནོར་སྲིད་པུའུ་ཡིས་ཚེས15ཉིན་ཁྱབ་བསྒྲགས་བྱས་དོན། ཨ་ཧྥེ་རི་ཁ་ལྷོ་མ་དང་གསེར་ལྡན་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་བས་མེ་སྒོར་ཐེར་འབུམ་གཅིག་གི་དངུལ་བུན་གྲོས་མཐུན་ཞིག་བཀོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་གྲོང་ཁྱེར་ཆེན་པོ་མང་བོའི་གྲོང་སྲིད་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་རིམ་སྤོར་ལེགས་བསྒྱུར་བྱེད་རྒྱུ་ཡིན་ཟེར།

ཨ་ཧྥེ་རི་ཁ་ལྷོ་མའི་ནོར་སྲིད་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། དངུལ་བུན་དེས་ཨ་ཧྥེ་རི་ཁ་ལྷོ་མའི་སྲིད་གཞུང་གིས་མང་ཚོགས་ལ་སྔར་ལས་སྤུས་ལེགས་ཀྱི་གྲོང་སྲིད་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། སྔར་ལས་འཐུས་སྒོ་ཚང་ཞིང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་རོགས་འདེགས་བྱེད་ཐུབ། གྲོང་ཁྱེར་ཆེན་པོའི་གྲོང་སྲིད་ཞབས་ཞུའི་རྨང་གཞིའི་སྒྲིག་ཆས་རིམ་སྤོར་ལེགས་བསྒྱུར་བྱེད་པ་ནི་སྲིད་གཞུང་གི་གྲོང་སྲིད་ཞབས་ཞུའི་བཅོས་བསྒྱུར་འཆར་གཞིའི་ཁག་ཅིག་ཡིན་ལ། འཆར་གཞི་དེ་གཙོ་བོ་ཆུའི་མཁོ་འདོན་དང་འཕྲོད་བསྟེན། གློག་ཤུགས། ནུས་ཁུངས། དེ་མིན་གད་སྙིགས་གཙང་སེལ་སོགས་ཁྱབ་ཁོངས་ལ་འབྲེལ་ཡོད་ཟེར།

སྤྱི་ཁྱབ་པུའུ་ཧྲང་ཧེ་རུ་ཡོད་པའི་གསར་སྤེལ་དངུལ་ཁང་གསར་བ་དེས2015ལོའི་ཟླ7པའི་ཚེས21ཉིན་དངོས་སུ་ལས་གཉེར་བྱེད་མགོ་བརྩམས་པ་དང་། གསེར་ལྡན་རྒྱལ་ཁབ་ཀྱིས་མཉམ་དུ་གྲོས་གཞི་བཏོན་ནས་བཙུགས་པའི་རྒྱལ་སྤྱིའི་རང་བཞིན་གྱི་དངུལ་ལོར་ལས་ཁུངས་ཤིག་ཡིན་ལ། དམིགས་ཡུལ་ནི་གསེར་གྱོམ་རྒྱལ་ཁབ་སོགས་གསར་དར་དཔལ་འབྱོར་ཚོགས་པ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་ཆས་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་རྣམ་གྲངས་ལ་ཐོན་ཁུངས་ལེགས་བསྡུ་བྱེད་ཆེད་ཡིན་པར་མ་ཟད། ཕྱོགས་མང་དང་ས་ཁོངས་དངུལ་ལོར་ལས་ཁུངས་ཡིན་པའི་ཆ་ནས་གོ་ལ་ཧྲིལ་བོའི་འཕར་སྣོན་དང་འཕེལ་རྒྱས་ཐད་འབད་བརྩོན་བྱེད་བཞིན་ཡོད།

བསོད་ནམས་ཚེ་རིང་གིས་བསྒྱུར།


  • 顶